དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྷོ་རྒྱུད་དམག་འཐབ་ཁུལ་གྱིས་བསྒྲགས་དོན།

2025-04-02 10:33:31   |   498

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


 ལྷོ་རྒྱུད་དམག་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཁའ་དམག་གི་དམག་དཔོན་ཐེན་ཅུན་ལི་ཡིས། ཟླ3པའི་ཚེས28ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་དམག་འཐབ་ཁུལ་གྱིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་འཆར་ཅན་གྱི་སྐོར་སྐྱོད་བྱས་པ་བསྟན། ཧྥི་ལི་ཕིན་གྱིས་ས་ཁོངས་ཕྱི་རོལ་རྒྱལ་ཁབ་ཀྱི་རྩ་འཛུགས་“མཉམ་འབྲེལ་སྐོར་སྐྱོད་”ཟེར་བ་ཡང་ཡང་བསླུ་བྲིད་བྱས་ཏེ་ལྷོ་རྒྱ་མཚོའི་ཁྲིམས་འགལ་འདོད་ཚུལ་གྱི་འུར་སྒྲ་བསྒྲགས་ཏེ། ལྷོ་རྒྱ་མཚོར་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་བཟོས་ཏེ་རྐང་བཙུགས་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་བཏང་། ང་ཚོས་ཧྥི་ལི་ཕིན་ཕྱོགས་ལ་ལྷོ་རྒྱ་མཚོར་དོན་རྐྱེན་སློང་བ་དང་ཛ་དྲག་གི་གནས་བབ་ཛ་དྲག་ཏུ་གཏོང་རིགས་མཚམས་འཇོག་རྒྱུ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ནང་འདྲེན་བྱེད་པ་ནི་ངལ་བ་འབྲས་མེད་དུ་འགྱུར་ངེས་རེད་ཅེས་ནན་གྱིས་བཤད། དམག་འཐབ་ཁུལ་གྱི་དཔུང་སྡེས་ཉེན་ཟོན་ཆེན་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ལྷོ་རྒྱ་མཚོའི་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་བཞིན་ཡོད། 


མཉམ་སྤྱོད།