དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་རོགས་སྐྱོབ་རུ་ཁག་གིས་ཀྲུང་གོའི་ཤང་ཀང་དམིགས་བསལ་ས་ཁུལ་རོགས་སྐྱོབ་རུ་ཁག་དང་མཉམ་འབྲེལ་ཐོག་འཚོལ་སྐྱོབ་བྱས་པ།

2025-04-02 15:28:17   |   524

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


4df2356d93fb4feb8882ee9b77477e2.jpg

ཀྲུང་གོ་འཕྲལ་བསྟུན་དོ་དམ་པུས་པར་རིས་མཁོ་འདོན་བྱས། 

ས་གནས་དེ་གའི་དུས་ཚོད་ཀྱི་ཟླ4ཚེས1ཉིན། ཀྲུང་གོ་རོགས་སྐྱོབ་རུ་ཁག་གིས་ཀྲུང་གོའི་ཤང་ཀང་དམིགས་བསལ་ས་ཁུལ་རོགས་སྐྱོབ་རུ་ཁག་དང་མཉམ་འབྲེལ་ཐོག་མན་ཏེ་ལེའི་གནོད་ཐེབས་ཆེས་ཚབས་ཆེ་བའི་མཁའ་དབྱིངས་སྤྱི་ཁང་རོགས་སྐྱོབ་ས་ཚིགས་སུ་མཉམ་འབྲེལ་འཚོལ་སྐྱོབ་བྱས།

75bfbdf843681f57e42aadd44998975.jpg

    ཀྲུང་གོ་འཕྲལ་བསྟུན་དོ་དམ་པུས་པར་རིས་མཁོ་འདོན་བྱས། 

ཐེངས་འདིའི་མཉམ་འབྲེལ་འཚོལ་སྐྱོབ་ལ་ཁྱོན་མི24བཏང་བ་དང་། སྦྲུལ་མིག་ནང་ལྐོག་ཤེལ་དང་ཚེ་སྲོག་བཤེར་ཆས། ཡོངས་མཐོང་བརྙན་འཕྲུལ། མི་མེད་གནམ་གྲུ་སོགས་སྒྲིག་ཆས་འཁྱེར་ནས། མཁའ་དབྱིངས་སྤྱི་ཁང་རོགས་སྐྱོབ་ས་ཚིགས་ཀྱི་གཙོ་གནད་གནས་སུ་འཚོལ་སྐྱོབ་གཏིང་ཟབ་བྱས།   

65394b9d753b8569dcb430ab0ca4a72.jpg

 ཀྲུང་གོ་འཕྲལ་བསྟུན་དོ་དམ་པུས་པར་རིས་མཁོ་འདོན་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན།    འཕྲལ་བསྟུན་དོ་དམ་པུས་སྣེ་ཁྲིད་ནས་ཀྲུང་གོའི་རོགས་སྐྱོབ་རུ་ཁག་གིས་འབར་མར་རོགས་སྐྱོབ་ལས་དོན་རྐྱེན་སྲོལ་བཙུགས་ནས། ཀྲུང་གོ་རོགས་སྐྱོབ་རུ་ཁག་གིས་འབར་མའི་མན་ཏེ་ལེ་ཞིང་ཆེན་དུ་རོགས་སྐྱོབ་ལས་དོན་སྤེལ་བར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ་ཡིན།


མཉམ་སྤྱོད།