དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་དམག་གི་ཐུའུ-22M3འགད་གཏོར་གནམ་གྲུ་ཞིག་སར་ལྷུང་ནས་བརླག་པ་དང་། འཕུར་སྐྱོད་པ1རྐྱེན་ལམ་དུ་ཤོར།

2025-04-03 10:27:20   |   499

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས།  ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས3ཉིན་གྱི་གློག་འཕྲིན། ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་ཤིང་། ཨུ་རུ་སུའི་རྒྱལ་སྲུང་པུས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཟླ4ཚེས2ཉིན། ཨུ་དམག་གི་ཐུའུ-22M3འགད་གཏོར་གནམ་གྲུ་ཞིག་གིས་འཕུར་སྐྱོད་ལས་འགན་སྒྲུབ་དུས་དབྱི་ཨེར་ཁུའུ་ཚི་ཁེ་ཀྲོའུ་རུ་སར་ལྷུང་ནས་བརླག་པ་དང་། གནམ་གྲུ་ཚན་པའི་མི་སྣ4ལྡེམ་འཕེན་ལས་བྲོས་བྱོལ་བྱས་པ་དང་། དེའི་ནང་འཕུར་སྐྱོད་པ1ས་ཐོག་ཏུ་འབབ་དུས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར།     

གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱལ་སྲུང་པུས་འགད་གཏོར་གནམ་གྲུ་མི་མེད་ཁུལ་དུ་ལྷུང་པས། ས་ངོས་སུ་རྒྱུ་ནོར་གྱོང་གུན་ཐེབས་མེད་ཅེས་བསྒྲགས་ཡོད།

ཐོག་མའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ནི་གནམ་གྲུར་ཆག་སྐྱོན་བྱུང་བས་རེད།   


མཉམ་སྤྱོད།