དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབར་གས་ཆེན་པོ་བྱུང་འདུག

2025-04-02 17:36:56   |   471

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


    ཟླ4པའི་ཚེས1ཉིན་གྱི་སྔ་དྲོ། མ་ལེ་ཞི་ཡའི་ཞུའེ་ལན་ཀུའོ་ཀྲོའུ་ཕུའུ་ཀྲུང་གྲོང་ཁྱེར་གྲོང་ཁུལ་དུ་འབར་རླངས་སྦུག་ལམ་འབར་གས་དོན་རྐྱེན་ཐོན་ཞིང་། མེ་ཆེན་པོ་ཐོན་པ་དང་མེ་ལྕེ་མཐོ་ཚད་སྨི་བརྒྱ་ལྷག་ཡོད་པ་རེད། 

640 (2).gif

    མ་ལེ་ཞི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལ་གཞིགས་ན། དོན་རྐྱེན་ལས་མི63ལ་རྨས་སྐྱོན་ཕོག་པ་དང་། ཡུལ་མིའི་སྡོད་ཁང49ལ་གནོད་སྐྱོན་ཕོག་པ། མེ་སྐྱོན་བྱུང་ཡུལ་ཉེ་འགྲམ་གྱི་གྲོང་མི112ཛ་དྲག་ངང་ཁ་འགྲེམས་བཏང་བ་བཅས་རེད། ཞུའེ་ལན་ཀུའོ་ཀྲོའུ་ཡི་མེ་གསོད་རོགས་སྐྱོབ་སྡེ་ཁག་གིས་གནས་ཚུལ་ལ་གཞིགས་ན། དོན་རྐྱེན་ཐོན་པའི་འབར་རླངས་སྦུག་ལམ་གྱི་སྟེམ་སྒོ་བརྒྱབ་ཟིན་པ་དང་། མཐའ་འཁོར་གྱི་གློག་ཤུགས་མཁོ་སྤྲོད་ཀྱང་གནས་སྐབས་མཚམས་བཞག་ཡོད་པ་རེད།


མཉམ་སྤྱོད།