དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་གནམ་གྲུ་འབབ་གྲུར་འཕུར་མདེལ་མང་པོ་འཕངས་འདུག

2025-04-07 14:41:23   |   339

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ས་གནས་དེ་གའི་དུས་ཚོད་ཟླ4པའི་ཚེས6ཉིན། ཧུའུ་སའེ་དྲག་དཔུང་གི་དམག་དོན་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ནས་དྲག་དཔུང་དེས་མཚོ་དམར་གྱི་བྱང་རྒྱུད་དུ་དགྲ་ཕྱོགས་ཀྱི་དམག་གྲུར་དམག་འཐབ་ཀྱི་བྱ་སྤྱོད་ཐེངས་གཅིག་སྤེལ་ནས་སྐོར་སྐྱོད་འཕུར་མདེལ་དང་མི་མེད་གནམ་གྲུ་མང་པོ་སྤྱད། རྡུང་རྡེག་གཏོང་ཡུལ་ནང་ཨ་རིའི་“ཏུའུ་ལུའུ་མོན་”རྟགས་ཅན་གྱི་གནམ་གྲུ་འབབ་གྲུས་གཙོས་པའི་དམག་གྲུ་མང་པོ་ཚུད་ཡོད་ཅེས་བཤད་པ་རེད། གཞན་ཡང་། ཧུའུ་སའེ་དྲག་དཔུང་གིས་“ཏུའུ་ལུའུ་མན་”རྟགས་ཅན་གྱི་གནམ་གྲུ་འབབ་གྲུའི་ཁ་གསབ་མཁོ་འདོན་ཨ་རིའི་དམག་དཔུང་གི་ཁ་གསབ་གྲུ་གཟིངས་ཤིག་ལའང་རྡུང་རྡེག་བཏང་བ་ཡིན་ཟེར།


མཉམ་སྤྱོད།