དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུའི་ཙུང་ཐུང་གི་དམིགས་བསལ་འཐུས་ཚབ་པས་ཨུ་རུ་སུ་དང་ཨ་རིའི་གྲོས་མོལ་གཟའ་འཁོར་རྗེས་མར་མུ་མཐུད་རྒྱུ་ཡིན་ཞེས་བསྒྲགས་པ།

2025-04-07 15:09:56   |   526

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས7ཉིན་གྱི་གློག་འཕྲིན། ཐུར་ཁེ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་གི་དམིགས་བསལ་འཐུས་ཚབ་པ་ཏེ་སྨི་ཐེ་ལི་ཡེ་ཧྥུས་ཚེས6ཉིན་མོ་སི་ཁོ་དང་ཝ་ཧྲིང་ཐོན་དབར་གྱི་གྲོས་མོལ་དེ“ཆེས་སྔ་ན་གཟའ་འཁོར་རྗེས་མར”མུ་མཐུད་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་རྒྱུན་ལྡན་འབྲེལ་བ་སླར་གསོ་དང་ཡུག་རེན་གྱི་ཉམས་ཉེན་མཇུག་རྫོགས་པའི་ཐད་གླེང་མོལ་བྱ་རྒྱུ་ཡིན་ཞེས་བཤད།

གནས་ཚུལ་སྤེལ་བར་གཞིགས་ན། ཏེ་སྨི་ཐེ་ལི་ཡེ་ཧྥུས་ཚེས6ཉིན་ཨུ་རུ་སུ་དང་ཨ་མེ་རི་ཁ་གཉིས་ཀྱིས་ནམ་ཞིག་ལ་རེས་སྐོར་གསར་པའི་འབྲེལ་གཏུག་བྱ་རྒྱུའི་སྐོར་གྱི་ཨུ་རུ་སུའི་སྨྱན་སྦྱོར་གྱི་གནད་དོན་ལ་ལན་འདེབས་དུས“ཆེས་སྔ་ན་གཟའ་འཁོར་རྗེས་མ་ཡིན”ཞེས་བཤད།

ཏེ་སྨི་ཐེ་ལི་ཡེ་ཧྥུས་ད་དུང་ཁོ་ཚོར་ཨ་མེ་རི་ཁའི་ཁེ་ལས་བསྐྱར་དུ་ཨུ་རུ་སུར་ཡོང་བའི་རེ་ཞུ་འབོར་ཆེན་འབྱོར་བའི་ནང་ནུས་ཁུངས་མངའ་ཁོངས་ཀྱི་ཁེ་ལས་ཚུད་ཡོད་ཅེས་བཤད། 

དེའི་གོང་གི་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་གྱི་ཟླ3ཚེས23ཉིན་ནས25ཉིན་བར། ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་སོ་སོར་ཡུག་རེན་གྱི་འཐུས་ཚབ་ཚོགས་པ་དང་ཨུ་རུ་སུའི་འཐུས་ཚབ་ཚོགས་པར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེ་རུ་གྲོས་མོལ་བྱས། ཕྱོགས་སོ་སོས་མཚོ་ནག་གི་མཚོ་ཐོག་སྐྱེལ་འདྲེན་བདེ་འཇགས་དང་ནུས་ཁུངས་སྒྲིག་བཀོད་ལ་རྡུང་རྡེག་བྱེད་པ་གནས་སྐབས་མཚམས་འཇོག་པ་སོགས་ཀྱི་ཐད་གཅིག་མཐུན་བྱུང་ཡོད་པ་རེད།


མཉམ་སྤྱོད།