དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོས་ཨ་རི་ནས་ཐོག་མར་ཐོན་པའི་ནང་འདྲེན་ཚོང་ཟོག་ཡོངས་རྫོགས་ལ་སྒོ་ཁྲལ་ཁྲལ་ཕྱོད84%བར་མཐོ་རུ་བཏང་ནས་བསྡུ་བ།

2025-04-10 11:41:16   |   407

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་ཁང་པེ་ཅིང་གི་ཟླ4ཚེས9ཉིན་གྱི་གློག་འཕྲིན། (གསར་འགོད་པ་ཀྲའོ་ཅན་ཧྭ།)ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་ཚེས9ཉིན་ཨ་རི་ནས་ཐོག་མར་ཐོན་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྣོན་བསྡུའི་བྱེད་ཐབས་ལེགས་སྒྲིག་བྱས་པའི་བརྡ་ཁྱབ་ཁྱབ་བསྒྲགས་བྱས། ཨ་རི་ནས་ཐོག་མར་ཐོན་པའི་ནང་འདྲེན་ཚོང་ཟོག་ཡོངས་རྫོགས་ལ་སྒོ་ཁྲལ་ཁྲལ་ཕྱོད34%ནས84%བར་མཐོ་རུ་བཏང་ནས་བསྡུ་རྒྱུ་རེད།

ཟླ4ཚེས8ཉིན། ཨ་རི་སྲིད་གཞུང་གིས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ལ“འདྲ་མཚུངས་སྒོ་ཁྲལ”བསྡུ་བའི་ཁྲལ་ཕྱོད34%ནས84%བར་མཐོ་རུ་བཏང་བ་ཁྱབ་བསྒྲགས་བྱས། ཨ་རི་ཕྱོགས་ཀྱིས་རིམ་སྤར་གྱིས་ཀྲུང་གོར་སྒོ་ཁྲལ་བསྡུ་བའི་བྱེད་སྟངས་ནི་ནོར་འཁྲུལ་ཐོག་ནོར་འཁྲུལ་བཟོས་པ་ཞིག་ཡིན་ཏེ། ཀྲུང་གོའི་ལུགས་མཐུན་གྱི་ཁེ་དབང་ལ་བཙན་གནོད་ཚབས་ཆེན་བྱས་པ་དང་། སྒྲིག་ལམ་རྨང་གཞི་ཡིན་པའི་ཕྱོགས་མང་ཉོ་ཚོང་གི་སྒྲིག་སྲོལ་ལ་གནོད་སྐྱོན་ཚབས་ཆེན་བཟོས་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་ལམ་བརྟན་ལྷིང་ལ་རྡུང་རྡེག་ཚབས་ཆེན་བྱས་ཤིང་། འདི་ནི་དཔེ་མཚོན་གྱི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས། དཔལ་འབྱོར་བཙན་བརྙས་བཅས་ཡིན། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒོ་ཁྲལ་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགག་སྒོའི་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཉོ་ཚོང་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལྟར།    ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད།    རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་ཁྱབ་བསྒྲགས་བྱས་པ་ལྟར་ན། 2025ལོའི་ཟླ4པའི་ཚེས10ཉིན་གྱི་དུས་ཚོད12དང་སྐར་མ01ནས་བཟུང་།    《རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་ཐོག་མར་ཨ་རི་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྣོན་བསྡུ་བྱེད་པའི་བརྡ་ཁྱབ》(དཔྱ་ཁྲལ་ཁྲལ་ཨུ་ཡོན་ལྷན་ཁང་གི་བརྡ་ཁྱབ2025ལོའི་ཨང4པ)གཏན་འབེབས་ཀྱི་སྒོ་ཁྲལ་ཁྲལ་ཕྱོད་ལེགས་སྒྲིག་བྱས་ཏེ། 34%ནས84%བར་མཐོ་རུ་བཏང་ཡོད། དོན་ཚན་གཞན་དག་སྒོ་ཁྲལ་ཨུ་ལྷན་གྱི་བརྡ་ཁྱབ་2025ལོའི་ཡིག་ཆ་ཨང4པ་གཞིར་བཟུང་ལག་བསྟར་བྱ་དགོས།

ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་ཕྱོགས་ལ་ནོར་འཁྲུལ་བྱེད་སྟངས་འཕྲལ་མར་ཡོ་བསྲང་བྱས་ནས། ཀྲུང་གོར་ཕྱོགས་རྐྱང་སྒོ་ཁྲལ་ཀྱི་བྱེད་ཐབས་ཚང་མ་མེད་པར་བཟོས་ཏེ། ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞི་ཐོག འདྲ་མཉམ་གླེང་མོལ་བྱས་ནས་འགལ་བ་འོས་འཚམ་གྱིས་ཐག་གཅོད་བྱ་རྒྱུའི་སྐུལ་མ་བྱས།


མཉམ་སྤྱོད།