དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡུག་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་འགན་འཁྱུར་བྱ་རྒྱུ་རེད།

2025-04-11 10:45:46   |   413

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་དུས་ཚོད་ཀྱི་ཟླ4ཚེས10ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པས་ཡུག་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་པུ་རེ་ཆི་ཐེ·པུ་རེན་ཁེ(Bridget Brink)ཡིས་འགན་འཁྱུར་བྱ་རྒྱུ་རེད་ཅེས་བཤད་མོད། འོན་ཀྱང་ཁོང་མོས་འགན་འཁྱུར་བྱ་བའི་རྒྱུ་རྐྱེན་ཞིབ་ཕྲ་གླེང་མེད།     

ཤེས་རྟོགས་བྱུང་བར་གཞིགས་ན། པུ་རེན་ཁེས2022ལོའི་ཟླ5པ་ནས་བཟུང་ཡུག་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོའི་འགན་འཁུར་ཡོད། ཁྲོམ་ཕུ་སྲིད་གཞུང་གིས་ཡུག་རེན་གྱི་སྲིད་ཇུས་ལ་འགྱུར་ལྡོག་བཏང་བ་དང་། གྲོས་མོལ་ལ་སྐུལ་འདེད་བཏང་ནས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཇུག་སྒྲིལ་བར་བྱེད་པའི་སྐབས་སུ། པུ་རེན་ཁེས་གོ་གནས་དེ་ལས་འགན་འཁྱུར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།   

57a3401fee6c6e222559a8beeb14b3f.jpg   


མཉམ་སྤྱོད།