དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རི་དང་མིང་རྟགས་བཀོད་པའི་ནང་བདག་དབང་དོར་མེད་ཟེར།

2025-04-14 09:50:05   |   376

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། ཕ་ན་མ་ཕྱི་འབྲེལ་པུས་སྤྱི་བསྒྲགས་སྤེལ་ནས་ཕ་ན་མ་དང་ཨ་རིས་མིང་རྟགས་བཀོད་པའི་བསམ་ཤེས་དྲན་ཐོའི་ནང་ཕ་ན་མས་བདག་དབང་ཚུན་གཅིག་ཀྱང་དོར་མེད་ཅེས་བཤད་པ་རེད། གྲོས་མཐུན་འདིའི་དམིགས་ཡུལ་ནི་རྒྱ་ཁྱབ་ཏུ་མཉམ་ལས་འཛུགས་པ་དང་། དོན་དངོས་ཀྱི་འཇིགས་སྐུལ་བྱུང་སྐབས་མིས་བཟོས་གཙང་པོ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཞེས་འཁོད་ཡོད།     

ས་གནས་དེ་གའི་དུས་ཚོད་ཚེས9ཉིན། ཕ་ན་མ་བདེ་འཇགས་པུ་དང་ཨ་རིའི་རྒྱལ་སྲུང་པུའུ་ཡིས་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་རེད། དེའི་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཕ་ན་མ་སྤྱི་བདེ་པུའི་པུ་ཀྲང་ཨ་ཧྥུ་ལེ་ཀེ་ཡིས་ཕ་ན་མའི་ཙུང་ཐུང་མུའུ་ལི་ནུའོ་ཡིས་ཕ་ན་མར་དམག་དོན་དང་འགོག་སྲུང་རྟེན་གཞི་འཛུགས་རྒྱུ་དང་ལེན་མི་བྱེད་པའི་རྣམ་འགྱུར་བསྟན་མོད། འོན་ཀྱང་ཕ་ན་མས་མུ་མཐུད་ཨ་རི་དང་བདེ་འཇགས་ཁྱབ་ཁོངས་གཞན་དག་ལ་མཉམ་ལས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།


མཉམ་སྤྱོད།