དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧུའུ་སའེ་དྲག་དཔུང་གིས་ཨ་རིས་ཡེ་མེན་ལ་མཁའ་རྒོལ་བྱས་འདྲ་བ་ལས་ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་པ།

2025-04-15 11:06:25   |   373

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས15ཉིན་གྱི་གློག་འཕྲིན། ཨ་རི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ4ཚེས14ཉིན། ཡེ་མེན་ཧུའུ་སའེ་དྲག་དཔུང་གིས་གསལ་བསྒྲགས་སྤེལ་ནས་ཨ་རིས་ཡེ་མེན་གྱི་རྒྱལ་ས་སཱ་ནའི་མཐའ་འཁོར་དུ་མཁའ་རྒོལ་བྱས་པ་འདྲ་པོ་ཡོད་པ་ལས་ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་བ་དང་། མི29ལ་རྨས་སྐྱོན་ཕོག་ཡོད་ཅེས་འཁོད་ཡོད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། གསལ་བསྒྲགས་ནང་ད་དུང་ཧུའུ་སའེ་དྲག་དཔུང་གིས་ཨ་རིའིMQ-9“གཤིན་རྗེའི”མི་མེད་གནམ་གྲུ་ཞིག་གཏོར་བརླག་བཏང་བ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཧུའུ་སའེ་དྲག་དཔུང་འཕྲོད་བསྟེན་སྡེ་ཁག་གིས་ཚེས14ཉིན་ཡོངས་བསྒྲགས་བྱས་པའི་ཤི་རྨས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཉེ་བའི་ཟླ་གཅིག་རིང་། ཨ་རིས་རྩ་འཛུགས་དེར་དམིགས་ནས་དབུས་ཤར་མཚོ་ཁོངས་ཀྱི་གྲུ་གཟིངས་ལ་མཁའ་རྒོལ་དྲག་པོ་བྱས་པས། མི120ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

མིག་སྔར། ཨ་རི་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་སུ་ལན་སློག་མེད། 


མཉམ་སྤྱོད།