དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིར་བསྐྱོད་ནས་འདིའི་ཐད་གྲོས་མོལ་བྱ་རྒྱུ་རེད།

2025-04-15 09:37:55   |   286

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་ཐོག་ཡུག་རེན་གྱི་“ལག་རྩལ་ཚོགས་པས་”ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་ཨ་རི་ཕྱོགས་དང་གཏེར་རྫས་གྲོས་མཐུན་ལ་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།  

ཙེ་ལེན་སི་ཅི་ཡིས། ཨ་རི་ཕྱོགས་དང་གྲོས་མོལ་ཐེངས་དང་པོ་བྱས་པ་ནི་ལག་རྩལ་རང་བཞིན་ལྡན་པ་ཞིག་ཡིན་པས་ཡུག་རེན་ཕྱོགས་ཀྱིས་གྲོས་མཐུན་འཇོག་རྒྱུའི་གྲ་སྒྲིག་བྱས་པའི་རྨང་གཞིའི་ཐོག་གྲོས་བསྡུར་བྱེད་འདོད་ཡོད་ཅེས་དང་། ཡུག་རེན་གྱི་ཚོགས་པ་ནི་ཡུག་རེན་གྱི་དཔལ་འབྱོར་པུའུ་ཡི་པུ་ཀྲང་གཞོན་པ་ཁ་ཆི་ཁ་ཡིས་སྣེ་ཁྲིད་བྱེད་སྲིད་ཟེར།   

 ཕྱི་རྒྱལ་གྱི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། དཔལ་འབྱོར་པུ་དང་ཕྱི་འབྲེལ་པུ། ཁྲིམས་འཛིན་པུ། ནོར་སྲིད་པུ་བཅས་ཀྱི་འཐུས་མི་ལས་གྲུབ་པའི་གྲོས་མོལ་ཚོགས་པས་ཚེས11ཉིན་ནས་ཚེས12ཉིན་བར་ཨ་རིར་འཚམས་འདྲི་བྱ་རྒྱུ་རེད།


མཉམ་སྤྱོད།