དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུའི་ཕྱི་འབྲེལ་པུས་འཇར་པན་གྱིས་ཨུ་རུ་སུའི་མཐའ་མཚམས་ཉེ་འགྲམ་ཁུལ་དུ་འཕུར་མདེལ་འཕེན་པའི་འཁྲབ་སྦྱོང་འཆར་གཞི་ཡོད་པར་རྒོལ་གཏམ་བཏང་བ།

2025-04-18 11:52:44   |   463

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་ཁང་མོ་སི་ཁོའི་ཟླ4ཚེས17ཉིན་གྱི་གློག་འཕྲིན། ཚེས17ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས་འཇར་པན་གྱིས་ཨུ་རུ་སུའི་མཐའ་མཚམས་ས་ཁུལ་དུ་དམག་གྲུའི་འཕུར་མདེལ་འཁྲབ་སྦྱོང་བྱ་བར་འཇར་པན་ཕྱོགས་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་བསྒྲགས།

ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་ཕྱོགས་ཀྱིས་ད་ལོའི་ཟླ6པར་ཨུ་རུ་སུའི་མཐའ་མཚམས་དང་ཉེ་བའི་པེ་ཧའེ་ཏའོ་གླིང་ཕྲན་དུ་འཕེན་ཐག་སྤྱི་ལེ200ཡོད་པའི88རྟགས་ཅན(SSM-1)དམག་གྲུའི་འཕུར་མདེལ་མདེའུ་དངོས་འཕེན་པའི་འཁྲབ་སྦྱོང་བྱ་རྩིས་ཡོད་པར་དམིགས་ནས། ཨུ་རུ་སུའི་ཕྱི་འབྲེལ་པུས་དེ་ཉིན་ཨུ་རུ་སུར་བཅའ་སྡོད་འཇར་པན་གྱི་གཞུང་ཚབ་ཁང་ལ་རྒོལ་གཏམ་དྲག་པོ་བཏང་།

ཨུ་རུ་སུའི་ཕྱི་འབྲེལ་པུས་འཇར་པན་ཕྱོགས་ཀྱིས་ཨུ་རུ་སུའི་རྒྱང་ཤར་མཐའ་མཚམས་ཀྱི་ཉེ་འགྲམ་དུ་འཁྲུག་རྐྱེན་སློང་བའི་དམག་དོན་བྱེད་སྒོ་དེ་རིགས་སྤེལ་བ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་བྱུར་རྐྱེན་འཇིགས་སྐུལ་ཞིག་ཡིན་པས་དང་ལེན་བྱེད་ཐབས་གཏན་ནས་མེད་ཅེས་བསྟན་ཞིང་། འཇར་པན་ཕྱོགས་ཀྱི་བྱེད་སྟངས་དེས་ཨེ་ཤེ་ཡའི་བྱང་ཤར་དང་། ཐ་ན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ཧྲིལ་པོའི་ཛ་དྲག་གི་དུས་བབ་སྔར་ལས་ཛ་དྲག་ཏུ་བཏང་། ཨུ་རུ་སུའི་ཕྱི་འབྲེལ་པུས་ཨུ་རུ་སུ་ཕྱོགས་ཀྱིས་དགོས་ངེས་ཀྱི་འགོག་རྒོལ་བྱེད་ཐབས་མཐའ་དག་སྤྱོད་པའི་དབང་ཆ་སོར་འཇོག་བྱས་ནས་རྒྱང་ཤར་མཐའ་མཚམས་ཉེ་འགྲམ་གྱི་རང་ངོས་བདེ་འཇགས་ལ་འཇིགས་སྐུལ་བྱེད་པར་ཁ་གཏད་གཅོག་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད།



མཉམ་སྤྱོད།