དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིས་འདི་ནས་དམག་མི་བརྒྱ་ལྷག་ཕྱིར་འཐེན་བྱས།

2025-04-21 08:37:15   |   369

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།  ཨ་རིས་སི་རི་ཡའི་བྱང་ཤར་རྒྱུད་ནས་དམག་མི་བརྒྱ་ཕྲག་ཁ་ཤས་ཕྱིར་འཐེན་བྱེད་མགོ་ཚུགས་པ་རེད། 

ཨ་རིའི་མཐོ་རིམ་དཔོན་རིགས་གཉིས་ཀྱིས། ཨ་རིའི་དམག་ཕྱོགས་ཀྱིས་སི་རི་ཡའི་བྱང་ཤར་རྒྱུད་ཀྱི་དམག་འཐབ་རྟེན་གཞི་ཆུང་གྲས་བརྒྱད་ནང་གི་གསུམ་སྒོ་རྒྱག་བཞིན་ཡོད་པ་དང་། བཅའ་སྡོད་དམག་དཔུང་གི་མི་གྲངས2000ནས1400ཙམ་བར་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བཤད། དཔོན་པོ་རྣམས་ཀྱིས་ཨ་རིའི་བཀོད་འདོམས་དཔོན་གྱིས་ཉིན་དྲུག་ཅུའི་རྗེས་སུ་དམག་མི་ཉུང་འཕྲི་བྱེད་མིན་ལ་སྔར་ལས་གདེང་འཇོག་བྱེད་རྒྱུ་ཡིན་ཟེར། དེའི་ཁྲོད་ཀྱི་དཔོན་པོ་ཞིག་གིས། མཛུབ་སྟོན་པ་རྣམས་ཀྱིས་སི་རི་ཡ་རུ་མ་མཐར་ཡང་ཨ་རིའི་དམག་མི500འཇོག་དགོས་པའི་བསམ་འཆར་བཏོན་ལུགས་བཤད། 

2024ལོའི་ཟླ12པའི་ཚེས19ཉིན། ཨ་རིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཕ་ཐེ་ལའེ་ཏེ་ཡིས། ཉེ་ལམ་སི་རི་ཡར་ཨ་རིའི་དམག་མི2000བཅའ་སྡོད་བྱས་ཡོད་ཅེས་བཤད། ཨ་རི་ཕྱོགས་ཀྱིས་ཨ་རིའི་དམག་དཔུང་མང་ཆེ་བ་སི་རི་ཡའི་བྱང་ཤར་རྒྱུད་དུ་བཅའ་སྡོད་བྱས་ནས། ཐལ་སྐྱོད་རྩ་འཛུགས་ལ་དམིགས་པའི་“དབྱི་སི་ལན་རྒྱལ་ཁབ་”ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་ཅེས་བཤད་པ་རེད།


མཉམ་སྤྱོད།