དེ་རིང་ནི2025ལོའི་ཟླ06པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་དམག་དཔུང་གིས་ཡེ་མེན་གྱི་རྒྱལ་ས་ས་ན་རུ་འཇབ་རྒོལ་བྱས་ཤིང་། མི12རྐྱེན་ལམ་དུ་ཤོར།

2025-04-21 10:28:56   |   505

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས21ཉིན་གྱི་གློག་འཕྲིན། ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས20ཉིན་གྱི་དགོང་མོར། ཨ་རིའི་དམག་དཔུང་གིས་ཡེ་མེན་གྱི་རྒྱལ་ས་ས་ན་རུ་མཁའ་རྒོལ་བྱས་ཡོད།

ཧུའུ་སའེ་དྲག་དཔུང་གིས་ཚོད་འཛིན་བྱས་པའི་སྨྱན་སྦྱོར་གྱིས་ད་དུང་མཁའ་རྒོལ་བྱས་པས་ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི30ལ་རྨས་སྐྱོན་ཕོག་ཡོད་ཅེས་འཁོད་ཡོད།

གནས་ཚུལ་སྤེལ་བའི་ནང་ཨ་རིའི་ཀྲུང་དབྱང་སི་ལིན་པུ་ཡིས་དེའི་ཐད་དཔྱད་བརྗོད་སྤེལ་མེད།



མཉམ་སྤྱོད།