དེ་རིང་ནི2025ལོའི་ཟླ04པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕུའུ་ཅིང་གིས་བཀའ་རྒྱར་མིང་རྟགས་བཀོད་དེ། དབྱི་རན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆིངས་ཡིག་ལ་ཆོག་མཆན་སྤྲད་པ།

2025-04-22 10:24:31   |   366

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས22ཉིན་གྱི་གློག་འཕྲིན། ཚེས21ཉིན་ཕྱོགས་བསྡུས་ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བཀའ་རྒྱར་མིང་རྟགས་བཀོད་དེ། དབྱི་རན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆིངས་ཡིག་ལ་ཆོག་མཆན་སྤྲད་པ་རེད།

ced8502bea4b852dcc5278beb53352c.jpg

དཔྱད་གཞིའི་པར་རིས། ཕུའུ་ཅིང་།

ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཆིངས་ཡིག་དེ2025ལོའི་ཟླ1ཚེས17ཉིན་དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་མོ་སི་ཁོར་འཚམས་འདྲི་བྱེད་རིང་། ཨུ་རུ་སུ་ཕྱོགས་དང་མཉམ་དུ་མིང་རྟགས་བཀོད་པ་རེད། འབྲེལ་ཡོད་ཡིག་ཆ་དེ་བཅའ་ཁྲིམས་ཆ་འཕྲིན་གྱི་གཞུང་ཕྱོགས་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་ཡོད།

གནས་ཚུལ་སྤེལ་བའི་ཁྲོད་ཡིག་ཆའི་ནང་དོན་ལ་གཞིགས་ན། ཕྱོགས་གཉིས་པོས་ཐུན་མོང་གི་ཁེ་ཕན་ཁྱབ་ཁོངས་ཁག་གི་འབྲེལ་བ་ཟབ་ཏུ་གཏོང་བ་དང་རྒྱ་ཆེར་གཏོང་རྒྱུར་གཞོལ་ནས། བདེ་འཇགས་དང་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་ས་ཁུལ་དང་གོ་ལ་ཧྲིལ་པོའི་ངོས་ནས་མཐུན་སྦྱོར་བྱ་སྤྱོད་དམ་ཟབ་སྤེལ་ཡོད།

ཕུའུ་ཅིང་གིས་ཆིངས་ཡིག་དེ་ནི“དངོས་འབྲེལ་ཚད་བརྒལ་བྱུང་བ”ཞིག་ཡིན་པ་དང་། “ཨུ་རུ་སུ་དང་དབྱི་རན་དང་དེ་བཞིན་ས་ཁུལ་ཡོངས་ཀྱི་བརྟན་ལྷིང་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཆ་རྐྱེན་བསྐྲུན་ཡོད”ཅེས་བསྔགས་བརྗོད་བྱས་པ་རེད། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་ད་དུང་རྒྱལ་ཁབ་གཉིས་པོས་ཚོང་དོན་འབྲེལ་བ་རྒྱ་ཆེར་གཏོང་རྒྱུ་དང་འབྲེལ“བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན”ཞེས་བཤད།


མཉམ་སྤྱོད།