སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས25ཉིན་གྱི་གློག་འཕྲིན། ཡེ་མེན་ཧུའུ་སའེ་དྲག་དཔུང་གིས་ཚོད་འཛིན་བྱས་པའི་ས་པ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ4ཚེས24ཉིན་གྱི་དགོང་མོར། ཨ་རིས་ཡེ་མེན་བྱང་རྒྱུད་ཀྱི་ཨ་མུའུ་ལན་ཞིང་ཆེན་ལ་མཁའ་རྒོལ་ཐེངས་གཉིས་བྱས་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ཆ་འཕྲིན་མི་སྣ་ཞིག་གིས་ས་པ་འཕྲིན་གཏོང་ཁང་ལ་ཐེངས་འདིའི་མཁའ་རྒོལ་གྱིས་ཆེད་དུ་ཡེ་མེན་ཨ་མུའུ་ལན་ཞིང་ཆེན་ཧ་ཧྥུའུ་སུའུ་ཧྥེ་དབྱང་ཆུས་ལ་དམིགས་ཡོད་ཅེས་བཤད་པ་རེད།
གཞན་ཡང་ས་གནས་དེ་གའི་གནས་ཚུལ་སྤེལ་མཁན་གྱིས་ཚེས24ཉིན་གྱི་དགོང་མོར། ཨ་རིས་ད་དུང་ཡེ་མེན་དབུས་རྒྱུད་ཞིང་ཆེན་ཏེ་མ་ལི་པུའུ་ཞིང་ཆེན་ལ་མཁའ་རྒོལ་ཐེངས་བཞི་བྱས་ཡོད་ཅེས་བཤད་པ་རེད།
མིག་སྔར་ཨ་རི་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ལན་བསློགས་མེད།