དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་དམག་འཐབ་གནམ་གྲུ་མང་པོ་རྒྱལ་ཁབ་འདིར་འབྱོར་འདུག

2025-04-27 08:55:41   |   233

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ས་གནས་དེ་གའི་དུས་ཚོད་ཚེས25ཉིན། ཁྲའོ་ཀྲུང་གསར་འགྱུར་ཁང་གིས་དཔྱད་གཏམ་རྩོམ་ཡིག་སྤེལ་ནས། ཨ་རིའི་དམག་དཔུང་གིསB1-Bའཐབ་ཇུས་འབར་མདེལ་གནམ་གྲུ་ལྗར་པན་དུ་བཀོད་སྒྲིག་བྱས་པར་རྒོལ་གཏམ་བཏང་བ་རེད། རྩོམ་ཡིག་ནང་། ཉིན་ཤས་གོང་ཨ་རིའི་དམག་དཔུང་གིསB1-Bའཐབ་ཇུས་འགད་གཏོར་གནམ་གྲུ་མང་པོ་ལྗར་པན་དུ་བཅའ་སྡོད་ཨ་རིའི་དམག་དཔུང་རྟེན་གཞིར་བཀོད་སྒྲིག་བྱས་པ་རེད། རྩོམ་ཡིག་ནང་ཨ་རིའི་དམག་དཔུང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་དམག་ཤུགས་བཀོད་སྒྲིག་བྱེད་པ་དང་། ལྷག་པར་དུ་ཨ་རིའི་འཐབ་ཇུས་རྒྱུ་ནོར་བཀོད་སྒྲིག་བྱས་པ་དེས་ས་ཁུལ་གྱི་བདེ་འཇགས་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་དང་དུས་བབ་ཇེ་སྡུག་ཏུ་འགྲོ་བར་ནུས་པ་ཆེན་པོ་ཐོན་ཡོད། ཨ་རིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དམག་དོན་འཇིགས་སྐུལ་དང་ཞི་བདེ་དང་བརྟན་བརླིང་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མི་དམངས་ཀྱིས་ངོ་རྒོལ་དང་རྒོལ་ལན་སྤྲོད་རྒྱུ་རེད།


མཉམ་སྤྱོད།