དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱི་གྲུ་ཁའི་འབར་གས་ཁྲོད་མི14གྲོངས་པ་དང་མི752རྨས་འདུག

2025-04-27 14:48:52   |   59

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་། 


ས་གནས་དེ་གའི་དུས་ཚོད་ཚེས26ཉིན། དབྱི་རན་ལྷོ་རྒྱུད་ཀྱི་ཨ་པ་སི་གྲུ་ཁའི་ཧྲ་ཞི་ཏེ་ལ་ཅ་དབྱི་གྲུ་ཁར་འབར་གས་གནས་ཚུལ་ཐོན་ནས་མི14རྐྱེན་ལམ་དུ་ཤོར་བ་དང་མི752ལ་རྨས་སྐྱོན་ཕོག་པ་དང་། དེའི་ཁྲོད་ཀྱི་ཀྲུང་གོའི་སྤྱི་དམངས་གསུམ་ལ་འབར་གས་ནང་བརྡར་རྨས་ཅུང་ཟད་ཕོག་ཡོད།

640.png

ས་གནས་དེ་གའི་དུས་ཚོད་ཚེས26ཉིན། དབྱི་རན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཧ་ཅེ་ལ་ཉི་ཡིས། མིག་སྔར་གཏན་འཁེལ་བྱེད་ཐུབ་པ་ཞིག་ལ། འབར་གས་ཐོན་ས་དེ་ནི་གྲུ་ཁར་བཞག་ཡོད་ཅིང་རྫས་འགྱུར་དངོས་པོ་བླུག་བཟོ་ཡོད་པའི་དོས་སྒམ་དེ་ཡིན་པ་རེད། མེ་ཡོངས་སུ་བསད་མ་ཚར་བའི་གོང་། དོན་རྐྱེན་གྱི་འབྱུང་རྐྱེན་ཐད་གནད་ལ་འཁེལ་བ་དང་ཆེད་ལས་ཀྱི་འགྲེལ་བརྗོད་ཧ་ཅང་བྱེད་དཀའ་བ་མ་ཟད་དེར་ད་དུང་ཉིན་ཁ་ཤས་འགོར་རྒྱུ་རེད་ཅེས་བརྗོད་འདུག



མཉམ་སྤྱོད།