དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་ལྷོ་རྒྱུད་ཀྱི་གྲུ་ཁ་ཞིག་འགད་གཏོར་བྱུང་བས་མི14རྐྱེན་ལམ་དུ་ཤོར་བ་དང་མི700ལྷག་ལ་རྨས་སྐྱོན་ཕོག་ཅིང་། དབྱི་རན་ཙུང་ཐུང་གིས་བརྟག་དཔྱད་བྱ་རྒྱུའི་བཀའ་ཕབ་པ།

2025-04-27 16:41:36   |   178

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས27ཉིན་གྱི་གློག་འཕྲིན། ཕྱོགས་བསྡུས་ལམ་གསལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་ནང་སྲིད་པུས་རྒྱལ་ཁབ་དེའི་ལྷོ་རྒྱུད་ཀྱི་ཧྲ་ཞི་ཏེ་ལ་ཅ་དབྱི་གྲུ་ཁར་ཚེས26ཉིན་འགད་གཏོར་དོན་རྐྱེན་བྱུང་བས་ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ་དང་མི750ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད།

e8b7da794b1e72d44e7d2eae775a67b.jpg

པར་འདི་ནི་ས་གནས་དེ་གའི་དུས་ཚོད2025ལོའི་ཟླ4ཚེས26ཉིན། དབྱི་རན་གྱི་ལྷོ་རྒྱུད་གྲུ་ཁ་འགད་གཏོར་བྱུང་ནས་དུ་སྨུག་གིས་ཁེངས་པའི་རྣམ་པ་ཡིན།

ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་འཕྲོད་བསྟེན་པུས་ཨ་པ་སི་གྲུ་ཁ་གྲོང་ཁྱེར་ཛ་དྲག་གི་གནས་སུ་སླེབས་ནས། “མཁའ་རླུང་སྦགས་བཙོག་མངོན་གསལ་གྱིས་མང་དུ་ཕྱིན་པའི”གནས་ཚུལ་འོག་སྡོད་དམངས་སྲུང་སྐྱོང་བྱ་དགོས་ཞེས་ཁྱབ་བསྒྲགས་བྱས་ཡོད།

དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང(IRNA)གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ཐོག་ཡིག་ཆ་བཀྲམ་ནས། འགད་གཏོར་དོན་རྐྱེན་ཁྲོད་ཀྱི་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུས་པ་དང་ཆབས་ཅིག་དོན་རྐྱེན་དེར་བརྟག་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་འཁོད་ཡོད།


མཉམ་སྤྱོད།