དེ་རིང་ནི2025ལོའི་ཟླ05པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་གྱིས་ཕ་ཁི་སི་ཐན་ལ་མཁའ་རྒོལ་བྱས་ནས་མི8རྐྱེན་ལམ་དུ་ཤོར་བ་དང་མི35རྨས་སྐྱོན་ཕོག

2025-05-07 11:19:14   |   220

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་། 


ཧྥ་རན་སེའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས7ཉིན། ཕ་ཁི་སི་ཐན་གྱི་དམག་དཔུང་གསུམ་གྱི་གསར་འགྱུར་ཅུ་ཡི་ཅུ་ཀྲང་ཆའོ་ཏུའུ་ལི་ཡིས། རྒྱ་གར་གྱིས་ཉིན་དེར་ཕ་ཁི་སི་ཐན་ལ་མཁའ་རྒོལ་བྱས་ནས་རྐྱེན་ལམ་དུ་ཤོར་བའི་མི8ལ་འཕར་བ་དང་གཞན་ཡང་མི35ལ་རྨས་སྐྱོན་ཕོག་ཅིང་མི2གར་སོང་ཆ་མེད་དུ་གྱུར་ཡོད་ཅེས་བཤད་པ་རེད།

ཆའོ་ཏུའུ་ལི་ཡིས་བཤད་རྒྱུར། “ཕ་ཁི་སི་ཐན་གྱི་ས་གནས6ལ་འབར་གས་ཀྱི་འཇབ་རྒོལ་ཐེངས24བྱུང་ནས་ཕ་ཁི་སི་ཐན་པ8རྐྱེན་ལམ་དུ་ཤོར་བ་དང་། མི35ལ་རྨས་སྐྱོན་ཕོག་ཅིང་མི2གར་སོང་ཆ་མེད་དུ་གྱུར་ཡོད།” ཁོས་ད་དུང་ཁ་གསབ་ཀྱི་ཚུལ་དུ་ཕང་ཀྲེ་ཕུའུ་ཞིང་ཆེན་གྱི་བཟོ་བཀོད་ཅིག་ཏུ་ལོ3ལ་སླེབས་པའི་བྱིས་པ་བུ་མོ་ཞིག་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཞེས་བཤད། 


མཉམ་སྤྱོད།