དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱིན་ཇི་དང་ཨ་རིས་སྒོ་ཁྲལ་ཚོང་དོན་གྲོས་མཐུན་གྱི་དོན་ཚན་ཐད་གཅིག་མཐུན་བྱུང་།

2025-05-09 11:14:59   |   173

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ5པའི་ཚེས9ཉིན་གྱི་གློག་འཕྲིན། དབྱིན་ཇིའི་རླུང་འཕྲིན་སྤྱི་གཉེར(BBC)གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ5པའི་ཚེས8ཉིན་དབྱིན་ཇི་དང་ཨ་རིས་སྒོ་ཁྲལ་ཚོང་དོན་གྲོས་མཐུན་གྱི་དོན་ཚན་ཐད་གཅིག་མཐུན་བྱུང་བ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇི་སྲིད་གཞུང་གིས་ཨ་རིའི་བཟའ་བཅའ་དང་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་པའི་ཐད་སྒོ་ཁྲལ་ཇེ་དམའ་བཏང་ནས་ཨ་རི་ཕྱོགས་ཀྱིས་དབྱིན་ཇིའི་རླངས་འཁོར་ཕྱིར་གཏོང་གི་སྒོ་ཁྲལ་དམའ་རུ་གཏོང་རྒྱུ་བརྗེ་རེས་བྱ་རྒྱུ་མོས་མཐུན་བྱུང་བ་རེད། ཨ་རིའི་ཕྱོགས་ཀྱིས་སྔར་བཞིན་གཞི་རྩའི་སྒོ་ཁྲལ་གྱི་བརྒྱ་ཆ10%སོར་འཇོག་བྱས་ཡོད།

དབྱིན་ཇི་སྲིད་གཞུང་གིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས་དབྱིན་ཇིའི་རླངས་འཁོར་ཕྱིར་གཏོང་བྱེད་པའི་སྒོ་ཁྲལ་དེ27.5%ནས10%བར་ཆག་རྒྱུ་དང་། ངར་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་དེ25%ནས་ཀླད་ཀོར་དུ་ཆག་རྒྱུ་ཡིན་ཞེས་བཤད། སྒོ་ཁྲལ་གཟིགས་སྐྱོང་དེ་དབྱིན་ཇིའི་རླངས་འཁོར་ཁྲི10ལ་སྤྱོད་རྒྱུ་ཡིན་པ་དང2024ལོའི་དབྱིན་ཇིས་ཨ་རིར་ཕྱིར་གཏོང་བྱས་པའི་གྲངས་འབོར་ཚང་མར་ཁྱབ་ཡོད།

གནས་ཚུལ་སྤེལ་བའི་ནང་ཕྱོགས་གཉིས་པོས་ད་དུང་སྐམས་ཤའི་ཁྲོམ་རའི་ཐད་ཀྱི་གཉིས་ཕན་ཆོག་འཐུས་གྲོས་མཐུན་གསར་པ་བཞག་པ་དང་དབྱིན་ཇིའི་ཞིང་པར་དཔྱ་ཁྲལ་རྩ་ཆག་གཏོང་ཚད་ཏུན་ཁྲི1.3ཐོབ། ཆབས་ཅིག་དབྱིན་ཇིས་ནང་འདྲེན་བཟའ་བཅའི་ཚད་གཞི་ལྷོད་གཡེང་དུ་གཏོང་མི་སྲིད་ཞེས་ནན་བཤད་བྱས་ཡོད།

གནས་ཚུལ་སྤེལ་བའི་ནང་དབྱིན་ཇིས་ཨ་རི་ནས་ནང་འདྲེན་བྱེད་པའི་ཝུ་ཆང་ཐོན་སྐྱེད་ཐད་སྤྱོད་པའི་ཁ་ཕྲུན་སྒོ་ཁྲལ་དེ་ཀླད་ཀོར་དུ་གཅོག་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། གྲོས་མོལ་གྱི་ནང་དོན་ནང་ད་དུང་སྨན་རྫས་བཟོ་བའི་ལས་རིགས་དང་དེ་མིན་གྱི་གཉིས་ཕན་སྒོ་ཁྲལ་གྱི་རྣམ་གྲངས་ཚུད་ཡོད།

གཞན་ཡང་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བ(CNN)ནས་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་གྲོས་མཐུན་དེས་དབྱིན་ཇི་དང་ཨ་རིའི་ཚོང་དོན་འབྲེལ་བ་ལེགས་སུ་ཕྱིན་པ་མཚོན་མིན་སྐོར་འདྲི་སྐབས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོས“ཁྱེད་ཀྱིས་འདྲི་དགོས་པའི་གནད་དོན་ནི་དེ་ང་ཚོའི་ཁ་སང་གི་གནས་ཚུལ་ལས་ཇེ་ལེགས་སུ་ཕྱིན་ཡོད་མེད་དེ་རེད”ཅེས་ལན་བཏབ།


མཉམ་སྤྱོད།