དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་སྤྱིའི་སློབ་མ་བསྡུ་རྒྱུ་བཀག་སྡོམ་བྱས། ཐེ་རོན་ཕུ་སྲིད་གཞུང་གིས་ཧ་ཧྥོ་སློབ་ཆེན་ལ་རྡུང་རྡེག་ཚ་ནན་བཏང་།

2025-05-23 10:31:47   |   591

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཕྱོགས་བསྡུས་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས22ཉིན་ཨ་རི་སྲིད་གཞུང་གིས་ཧ་ཧྥོ་སློབ་ཆེན་གྱིས་རྒྱལ་སྤྱིའི་སློབ་མ་བསྡུ་བའི་ཐོབ་ཐང་མེད་པ་བཟོ་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། ཧ་ཧྥོ་སློབ་ཆེན་གྱིས་ཐེ་རོན་ཕུ་སྲིད་གཞུང་གིསའཁོན་ལན་རང་བཞིན་གྱི་བྱ་སྤྱོད་དེས་ཧ་ཧྥོ་སྡེ་ཁུལ་དང་ང་ཚོའི་རྒྱལ་ཁབ་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིདཅེས་ལན་བརྒྱབ་པ་རེད

གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའི་པུ་ཀྲང་ནུའོ་མུའུ་ཡིས་ཚེས22ཉིན་སྤྱི་འབྲེལ་སྨྱན་སྦྱོར་ཐོག་གཏན་འབེབས་དེ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་བྱེད་ཐབས་དེ་ནི“རྒྱལ་ཡོངས་ས་གནས་ཁག་གི་སློབ་ཆེན་དང་རིག་གཞུང་སྒྲིག་གཞི་ཚང་མར་ཐ་ཚིག་སྒྲོག་པ་ཞིག་ཡིན”ཞེས་བཤད་པ་རེད།

ནུའོ་མུའུ་ཡིས་ད་དུང“རྒྱལ་སྤྱིའི་སློབ་མ་བསྡུ་རྒྱུ་ནི་དམིགས་བསལ་གྱི་དབང་ཆ་ཞིག་ཡིན་པ་ལས་དབང་ཆ་ཞིག་མིན” པ་དང་། ཧ་ཧྥོ་སློབ་ཆེན་གྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་བཅའ་ཁྲིམས་དང་ཐེངས་མང་འགལ་བས་དམིགས་བསལ་དབང་ཆ་དེ་མིག་སྔར་མེད་པ་བཟོས་ཡོད་ཅེས་བརྗོད།

གནས་ཚུལ་སྤེལ་བར་གཞིགས་ན། ཧ་ཧྥོ་སློབ་ཆེན་གྱིས་དེ་སྔ་ཨ་རི་སྲིད་གཞུང་གིས་བཏོན་པའི་བླང་བྱ་རབ་དང་རིམ་པར་བརྩི་སྲུང་ཞུ་རྒྱུ་ཁས་མ་བླངས་པའི་ནང་སློབ་ཆེན་གྱིས་གླ་བསྡུ་དང་སློབ་བསྡུ་བྱ་ཡུལ་ལ་སྒྱུར་བཅོས་རྒྱ་ཁྱབ་བྱེད་པ་སོགས་ཚུད་ཡོད།

ལན་འདེབས་པའི་ངོས་ནས་ཨ་རི་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར20ལས་བརྒལ་བའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཞིབ་འཇུག་མ་དངུལ་ཉུང་དུ་བཏང་།

གནས་ཚུལ་སྤེལ་བའི་ནང་ཧ་ཧྥོ་སློབ་ཆེན་གྱི་རྒྱལ་སྤྱིའི་སློབ་མ་བསྡུ་བའི་ཐོབ་ཐང་གློ་བུར་དུ་མེད་པ་བཟོས་པ་དེ་ནི་རྩོད་གཞི་དེའི་རིམ་སྤོར་གལ་ཆེན་ཞིག་ཡིན་པས་ཧ་ཧྥོ་སློབ་ཆེན་ལ་ནོར་དོན་གྱི་མཇུག་འབྲས་ཚབས་ཆེན་ཐོན་སྲིད་ཅེས་འཁོད་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཧ་ཧྥོ་སློབ་ཆེན་གྱི་སློབ་མ་སྡོམ་འབོར་ཁྲི2.4ཙམ་ཡོད་པའི་ནང་ནས6800ཙམ་རྒྱལ་སྤྱིའི་སློབ་མ་ཡིན་པ་རེད། གཏན་འབེབས་གསར་ཤོས་ཀྱི་དབང་གིས་མིག་སྔར་ཧ་ཧྥོ་སློབ་ཆེན་དུ་ཡོད་པའི་རྒྱལ་སྤྱིའི་སློབ་མས་སློབ་གྲྭ་མི་བརྗེ་ཐབས་མེད་ཡིན་པ་དང་། དེ་ལྟར་མ་བྱས་ཚེ་ཁོང་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་ཤོར་རྒྱུ་རེད།

ཧ་ཧྥོ་སློབ་ཆེན་གྱི་མགྲིན་ཚབ་པ་ཅེ་སེན·ཉིའུ་ཏུན་གྱིས་གསལ་བསྒྲགས་ཤིག་ནང་ཨ་རིའི་སྲིད་གཞུང་གི་བྱ་སྤྱོད་ནི“ཁྲིམས་དང་མི་མཐུན་པ་ཞིག་རེད”ཅེས་བརྗོད་པ་མ་ཟད། འཁོན་ལན་རང་བཞིན་གྱི་བྱ་སྤྱོད་དེས“ཧ་ཧྥོ་སྡེ་ཁུལ་དང་ང་ཚོའི་རྒྱལ་ཁབ་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད་པ་དང་། ཧ་ཧྥོ་སློབ་ཆེན་གྱི་རིག་གཞུང་དང་ཞིབ་འཇུག་གི་འགན་འཁྲིར་གནོད་འཚེ་བཟོ་སྲིད”ཅེས་བཤད།


མཉམ་སྤྱོད།