དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐེ་རོན་ཕུ་དང་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཐུག་འཕྲད་བྱེད་སྐབས་རྩོད་པ་བྱུང་།

2025-05-22 10:47:08   |   306

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་སྤྱི་གཉེར(NBC)གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས21ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་གཉིས་ཕོ་བྲང་དཀར་པོར་ཐུག་འཕྲད་བྱེད་སྐབས་རྩོད་པ་བྱུང་བ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུས་ཐུག་འཕྲད་བྱེད་སྐབས་ལྷོ་ཨ་ཧྥེ་རི་ཁར་མི་རྒྱུད་དཀར་པོར་དམིགས་པའི་རིགས་རྒྱུད་རྩ་མེད་གཏོང་བའི་གནས་ཚུལ་ཡོད་པའི་སྐྱོན་བཙུགས་ཤིང་། ལ་མ་ཕུའུ་ས་ཡིས་དེའི་ཐད་ཐད་ཀར་ཁས་ལེན་མ་བྱས།

གནས་ཚུལ་སྤེལ་བའི་ནང་གསར་འགོད་པས་ཐེ་རོན་ཕུའི་འབྲེལ་ཡོད་གཏམ་བརྗོད་སྐོར་འདྲི་སྐབས་ཐེ་རོན་ཕུས་སྐད་ཆ་ཤོད་མཚམས་བཞག་ནས་བརྙན་ལམ་དུམ་བུ་ཞིག་བསྟན་པ་དང་། ཁོང་གིས་བརྙན་ལམ་དེ་དག་གིས་ཁོང་གི་ལྟ་བར་རྒྱབ་སྐྱོར་བྱེད་ཐུབ་ཅེས་བཤད་པ་རེད།

ལ་མ་ཕུའུ་ས་ཡིས་བརྙན་ལམ་དེར་ལན་བཏབ་པ་དང་ཁོང་གིས་དེའི་ཁྲོད་ཀྱི་གཏམ་བརྗོད་དེ“སྲིད་གཞུང་གི་སྲིད་ཇུས་མིན”ཞེས་བཤད།

ཐེ་རོན་ཕུ་ཡིས་ལྷོ་ཨ་ཧྥེ་རི་ཁའི་མི་རྒྱུད་དཀར་པོའི་གདུང་རྒྱུད་ནི“རིགས་རྒྱུད་རྩ་མེད་གཏོང་བའི”དམིགས་འབེན་ཡིན་པ་དང་། ཨ་རི་སྲིད་གཞུང་གིས་ཉེ་དུས་ད་དུང་གཏུམ་སྤྱོད་དང་མཐོང་ཆུང་ལས་ཐར་འདོད་པའི་ལྷོ་ཨ་ཧྥེ་རི་ཁའི་མི་དཀར59ཡུལ་གྱར་པའི་ཚུལ་དུ་དང་ལེན་བྱས་ཡོད་ཅེས་ཐེངས་མང་བཤད།

ལ་མ་ཕུའུ་ས་ཡིས་དེ་སྔ་སྤྱི་འབྲེལ་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་བྱས་པའི་བརྙན་ལམ་དུམ་བུ་ཞིག་ནང་ཨ་རི་ཕྱོགས་ཀྱི་བཤད་ཚུལ་དེར་སུན་འབྱིན་བྱས་པ་དང་འབྲེལ“ལྷོ་ཨ་ཧྥེ་རི་ཁའི་མི་ཞིག་ཡིན་པའི་ཆ་ནས། མི་ནག་དང་མི་དཀར་གང་ཡིན་རུང་། ང་ཚོས་འདི་ན་རིགས་རྒྱུད་རྩ་མེད་དུ་མི་འགྲོ་བ་ཤེས་ཡོད”ཅེས་བཤད།


མཉམ་སྤྱོད།