དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་དང་ཕ་ཁི་སི་ཐན་གྱིས་ཟླ་ལྔ་པའི་ཟླ་མཇུག་སྔོན་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་མོས་མཐུན་བྱུང་།

2025-05-21 11:12:18   |   268

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཟུར་དཔྱད་ཆ་འཕྲིན་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཧྥ་རན་སེ་གསར་འགྱུར་ཁང་གིས་ཟླ5པའི་ཚེས20ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ཁི་སི་ཐན་གྱི་མཐོ་རིམ་བདེ་འཇགས་དམག་དཔོན་ཞིག་གིས་ཕ་ཁི་སི་ཐན་དང་རྒྱ་གར་གྱིས་ཟླ་ལྔ་པའི་ཟླ་མཇུག་སྔོན་ཉེ་ཆར་གདོང་ཐུག་རིང་བཀོད་སྒྲིག་བྱས་པའི་དཔུང་རོགས་དཔུང་སྡེ་ཞི་བདེའི་དུས་སྐབས་ཀྱི་གཡུལ་སར་ཕྱིར་འཐེན་བྱ་རྒྱུ་མོས་མཐུན་བྱུང་ཡོད་ཅེས་བཤད་པ་རེད།

ཟླ་འདིའི་ཟླ་སྟོད་དུ་ཉིང་རྡུལ་མཚོན་ཆ་ཡོད་པའི་དགྲ་བོ་དེ་གཉིས་ཀྱི་བར་དུ་ལོ་བཅུ་ཕྲག་ཁ་ཤས་རིང་གི་འགལ་བ་ཚབས་ཆེ་ཤོས་བྱུང་།

མཐོ་རིམ་བདེ་འཇགས་དམག་དཔོན་དེས་ཧྥ་རན་སེ་གསར་འགྱུར་ཁང་ལ“ཟླ5པའི་ཟླ་མཇུག་སྔོན་ལ་དཔུང་སྡེ་དག་གདོང་ཐུག་མ་བརྒྱབ་གོང་གི་གཡུལ་ས་ཕྱིར་འཐེན་བྱ་རྒྱུ་ཡིན”ཞེས་བཤད། དབང་ཆ་མ་ཐོབ་པར་སྨྱན་སྦྱོར་ལ་ཆ་འཕྲིན་ཕྱིར་བསྒྲགས་བྱས་པས་དམག་དཔོན་དེས་མིང་མི་འགོད་པའི་རེ་བ་བཏོན།

དམག་དཔོན་དེས་རྒྱལ་ཁབ་གཉིས་པོས་དུས་མཚམས་དབྱེ་ནས་དེ་སྔ་བཀོད་སྒྲིག་བྱས་པའི་ཚད་བརྒལ་དཔུང་སྡེ་དང་མཚོན་ཆ་ཕྱིར་འཐེན་བྱ་རྒྱུ་མོས་མཐུན་བྱུང་ཡོད་པ་བཤད།

རྒྱ་གར་ཕྱོགས་ཀྱིས་ཚེས20ཉིན་ཁྱིམ་མཚེས་རྒྱལ་ཁབ་ཕ་ཁི་སི་ཐན་བར་གྱི་ཉིན་རེའི་མཐའ་མཚམས་མཛད་སྒོ་སླར་གསོ་བྱ་རྒྱུ་ཡིན་པ་བསྟན། ཟླ་འདིའི་ཟླ་སྟོད་དུ་རྒྱ་གར་དང་ཕ་ཁི་སི་ཐན་བར་ལོ་བཅུ་ཕྲག་ཁ་ཤས་རིང་གི་གདོང་ཐུག་ཚབས་ཆེ་ཤོས་བྱུང་རྗེས་རྒྱ་གར་གྱིས་མཛད་སྒོ་དེ་སྤེལ་མཚམས་བཞག་པ་རེད།

གནས་ཚུལ་སྤེལ་བའི་ནང་རྒྱ་གར་མཐའ་མཚམས་བདེ་འཇགས་དཔུང་སྡེ་ཡིས་རྒྱ་གར་བྱང་རྒྱུད་ཀྱི་ཕང་ཀྲེ་ཕུའུ་པང་ཨ་ཐ་ལི-ཝ་ཀེ་ཧོ་སྐམ་སའི་མཐའ་མཚམས་རྒྱ་གར་ཕྱོགས་ཀྱི་ཉི་མ་མ་ནུབ་གོང་གི་དར་འབེབས་མཛད་སྒོ་དེ་ཚེས20ཉིན་སྨྱན་སྦྱོར་ལ་སྒོ་འབྱེད་པ་དང་འབྲེལ་ཚེས21ཉིན་སྤྱི་དམངས་ལ་སྒོ་འབྱེད་རྒྱུ་ཡིན་པ་བཤད།

4a24729375e248b285bc3f82bc75eeb9_s.jpg

ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་མཐའ་མཚམས་སུ་མཛད་སྒོ་དེ་མཚམས་འཇོག་མྱོང་མེད་ཅེས་བཤད་པ་རེད།

འོན་ཀྱང་སྔོན་དཔག་བྱས་ན་ད་ཐེངས་ཀྱི་མཛད་སྒོ་དེ་གཟབ་རྒྱས་ངང་སྤེལ་རྒྱུ་མིན་ལ། རྒྱུ་མཚན་ནི་རྒྱ་གར་གྱིས་ཕ་ཁི་སི་ཐན་ལ་སྔར་བཞིན་ཕྱི་འབྲེལ་གྱི་བྱ་ཐབས་སྤྱོད་བཞིན་ཡོད་པ་དང་། དེའི་ནང་སྐམ་སའི་མཐའ་མཚམས་སྒོ་བརྒྱབ་པ་ཚུད་ཡོད།


མཉམ་སྤྱོད།