དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སུའུ་ཏན་གྱི་མགོ་ཁྲིད་པས2021ལོའི་ལོ་མཇུག་རྗེས་ཀྱི་ཙུང་ལི་ཐོག་མ་བསྐོ་གཞག་བྱས།

2025-05-20 16:44:54   |   280

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ5པའི་ཚེས20ཉིན་གྱི་གློག་འཕྲིན། ཁ་ཐུའུ་མུའུ་ལས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས19ཉིན་སུའུ་ཏན་བདག་དབང་ཨུ་ལྷན་གྱིས་གསལ་བསྒྲགས་སྤེལ་ཏེ། སུའུ་ཏན་བདག་དབང་ཨུ་ལྷན་གྱི་ཀྲུའུ་ཞི་དང་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དམག་སྤྱི་བཅས་ཡིན་པའི་པུར་ཧན་གྱིས་ཁ་སྨིར·དབྱི་ཏེ་ལི་སི(Kamil al-Tayeb Idris) ཙུང་ལིར་བསྐོ་གཞག་བྱས་པ་ར་སྤྲོད་བྱས།

《སུའུ་ཏན་གླེང་སྟེགས་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་ཏེ་ལི་སི་ནི2021ལོའི་ཟླ10པའི་རྗེས་ནས་སུའུ་ཏན་ལ་བསྐོ་གཞག་ཐོབ་པའི་ཙུང་ལི་ཐོག་མ་རེད།

2019ལོའི་ཟླ་བཞི་པར་སུའུ་ཏན་དམག་ཕྱོགས་ཀྱིས་པ་ཤིར་སྲིད་དབང་མགོ་རྟིང་བསློགས་ནས་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་བཙུགས། ལོ་དེའི་ཟླ8པར་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་དང་དམག་ཕྱོགས་མིན་པའི་ཆབ་སྲིད་སྟོབས་ཤུགས་ཀྱིས་སུའུ་ཏན་གྱི་བདག་དབང་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། པུར་ཧན་གྱིས་མགོ་ཁྲིད་བྱས་པ་དང་སུའུ་ཏན་བར་བརྒལ་སྲིད་གཞུང་དེ་རྗེས་སུ་བཙུགས་པ་རེད། 2021ལོའི་ཟླ10པར་པུར་ཧན་གྱིས་སུའུ་ཏན་ཛ་དྲག་གི་གནས་སུ་སླེབས་ནས་བདག་དབང་ཨུ་ལྷན་དང་བར་བརྒལ་སྲིད་གཞུང་མེད་པར་བཟོ་རྒྱུ་ཁྱབ་བསྒྲགས་བྱས། ལོ་དེའི་ཟླ11པར་དམག་ཕྱོགས་ཀྱིས་བདག་དབང་ཨུ་ཡོན་ལྷན་ཁང་གསར་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། པུར་ཧན་གྱིས་མུ་མཐུད་དུ་ཀྲུའུ་ཞིའི་འགན་འཁུར། སུའུ་ཏན་གྱི་ཙུང་ལིའི་ལས་གནས་སྟོང་པར་ལུས།

དབྱི་ཏེ་ལི་སི་ནི1954ལོའི་ཟླ8པར་སྐྱེས་པ་དང་། སུའུ་ཏན་གྱི་སྐད་གྲགས་ཆེ་བའི་ཆབ་སྲིད་མཁས་ཅན་ཞིག་ཡིན། ཁོང་གིས1997ལོ་ནས2008ལོའི་བར་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གྱི་འགན་འཁུར་བ་དང་། 2010ལོར་རང་ཚུགས་ཀྱི་འོས་མིར་བརྩིས་ནས་སུའུ་ཏན་གྱི་ཙུང་ཐུང་འདེམས་བསྐོའི་ནང་ཞུགས་པ་རེད།

གཞན་ཡང་པུར་ཧན་གྱིས་ད་དུང་བུད་མེད་ཁོངས་མི་གཉིས་འདེམས་བསྐོ་བྱས་ནས་སུའུ་ཏན་གྱི་བདག་དབང་ཨུ་ཡོན་ལྷན་ཁང་ནང་ཞུགས་སུ་བཅུག་པ་དང་ཁོང་གཉིས་ཀྱིས་སུའུ་ཏན་གྱི་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་ཚབ་བྱེད་ཀྱིན་ཡོད།


མཉམ་སྤྱོད།