དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་གྱི་ཧའེ་ཧྥ་གྲུ་ཁར“མཚོ་ཐོག་བཀག་སྡོམ”བྱ་རྒྱུ་གཏན་འབེབས་བྱས།

2025-05-20 10:31:46   |   297

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ལུའུ་ཐུའུ་གསར་འགྱུར་ཁང་དང་ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས19ཉིན་ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་གྱི་ཧའེ་ཧྥ་གྲུ་ཁར“མཚོ་ཐོག་བཀག་སྡོམ”ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས་ཏེ། ཉེ་ཆར་ཅ་ཧྲ་ས་ཁུལ་དུ་རྒྱུན་མཐུད་རིམ་སྤོར་བྱེད་པའི་དམག་དོན་བྱ་སྤྱོད་ལ་ལན་སློག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

微信图片_20250520103505.jpg

དབྱི་སི་རལ་གྱི་ཧའེ་ཧྥ་གྲུ་ཁ།

གནས་ཚུལ་སྤེལ་བར་གཞིགས་ན། ཧུའུ་སའེ་དྲག་ཆས་ཀྱི་མགྲིན་ཚབ་པ་ཡེ་ཧའེ་ཡ·སཱ་ལེ་ཡ་ཡིས་ཧུའུ་སའེ་དྲག་ཆས་ཀྱིས་ཧའེ་ཧྥ་གྲུ་ཁར་མཚོ་ཐོག་བཀག་སྡོམ་བྱེད་མགོ་བརྩམས་ཤིང་། འབྲེལ་ཡོད་ཁེ་ལས་དང་མཚོ་ཐོག་སྐྱེལ་འདྲེན་སྤྱི་གཉེར་ཚང་མར་ཐ་ཚིག་བསྒྲགས་ཏེ་ཧུའུ་སའེ་དྲག་ཆས་ཀྱིས་ཧའེ་ཧྥ་གྲུ་ཁ་དེ་རྡུང་རྡེག་དམིགས་ཚད་ཀྱི་མིང་ཐོའི་ནང་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།

གནས་ཚུལ་སྤེལ་བའི་ནང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་དེ་སྔ་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་དམག་འཐབ་བྱེད་མགོ་བརྩམས་པ་དང་འབྲེལ་འཕེལ་རྒྱས་བྱུང་ཡོད། “ང་ཚོས་ཅ་ཧྲའི་ས་ཁུལ་ཧྲིལ་པོ་ཚོད་འཛིན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།


མཉམ་སྤྱོད།