དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྲི་ཕོ་རྒྱལ་སྲིད་ལས་ཁུངས་ཀྱི་རྒྱབ་སྐྱོར་བྱེད་ཚད27.4%བར་ཆག་ཡོད།

2025-05-19 10:00:46   |   520

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ5པའི་ཚེས19ཉིན་གྱི་གློག་འཕྲིན། འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་གྱི་དམངས་འདོད་བརྟག་དཔྱད་ལས་མངོན་པར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ཡིས་གོ་ཁྲིད་གནང་བའི་རྒྱལ་སྲིད་ལས་ཁུངས་ཀྱི་རྒྱབ་སྐྱོར་བྱེད་ཚད27.4%ཡིན་ཞིང་། རྒྱལ་སྲིད་ལས་ཁུངས་དེ་སྲིད་སྟེགས་ཐོག་སླེབས་རྗེས་ཀྱི་ཟིན་ཐོ་དམའ་ཤོས་བཏོད་པ་དང་རྒྱབ་སྐྱོར་མི་བྱེད་ཚད55.1%ཡིན།

图片1.png

དམངས་འཚོའི་ཐད། འཇར་པན་སྲིད་གཞུང་གིས་འབྲས་ཀྱི་རིན་གོང་འཕར་བར་ཐད་བཏོན་པའི་བྱེད་ཐབས་སྐོར་ལ87.1%གི་བཅར་འདྲི་དང་ལེན་བྱེད་མཁན་གྱིས“མི་འདང་བ”ངོས་འཛིན་བྱེད་ཀྱིན་ཡོད།

ཕྱི་འབྲེལ་ཐད། འཇར་པན་སྲིད་གཞུང་གིས་ཨ་རིའི་སྲིད་གཞུང་ལ་སྒོ་ཁྲལ་མཐོ་བའི་སྲིད་ཇུས་ལེགས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པའི་གྲོས་མོལ་སྐོར་ལ“རེ་སྒུག་བྱེད་ཐབས་བྲལ་བ”ཞེས་བཤད་པའི་བསྡུར་ཚད74.3%ཟིན་ཡོད།

གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་ཟླ5པའི་ཚེས17དང་ཚེས18ཉིན་འཇར་པན་རྒྱལ་ཡོངས་ཀྱི་ཁ་པར་གླེང་ཕྱོགས་བརྟག་དཔྱད་བྱས་པ་རེད།


མཉམ་སྤྱོད།