དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རིན་ཐང་ཨ་སྒོར་དུང་ཕྱུར3.04ཟིན་ཡོད། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུར་ཁེར་འཕུར་མདེལ་དང་འབྲེལ་ཡོད་ལྷུ་ལག་འཚོང་རྒྱུའི་ཆོག་མཆན་སྤྲད་པ།

2025-05-15 10:14:13   |   29

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ5པའི་ཚེས15ཉིན་གྱི་གློག་འཕྲིན། ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས14ཉིན་ཨ་རིའི་རྒྱལ་སྲུང་པུས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུར་ཁེར་འཕུར་མདེལ་དང་འབྲེལ་ཡོད་ལྷུ་ལག་འཚོང་རྒྱུའི་ཆོག་མཆན་སྤྲད་ཞིང་། སྔོན་དཔག་བྱས་ན་རིན་ཐང་ཨ་སྒོར་དུང་ཕྱུར3.04(མི་དམངས་ཤོག་སྒོར་དུང་ཕྱུར21.91ཙམ)ཟིན་ཡོད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲུང་པུས་གསལ་བསྒྲགས་ནང་ད་ཐེངས་ཕྱིར་འཚོང་བྱ་རྒྱུ་ཆོག་མཆན་ཐོབ་པའི་འཕུར་མདེལ་ནངAIM-9X“སྦྲུལ་སྒྲ་སྒྲོག”Block IIའཕུར་མདེལ་དང་། AIM-120C-8སྔོན་ཐོན་ཐག་འབྲིང་བར་སྣང་ནས་བར་སྣང་འཕེན་པའི་འཕུར་མདེལ་ཚུད་ཡོད་ཅེས་འཁོད་ཡོད་པ་རེད།


མཉམ་སྤྱོད།