དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐེ་རོན་ཕུའུ་ཡིས་སི་རི་ཡར་བཀག་སྡོམ་མཚམས་འཇོག་པའི་བཀའ་དབབ་རྒྱུ་རེད།

2025-05-14 10:22:25   |   39

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ5པའི་ཚེས14ཉིན་གྱི་གློག་འཕྲིན། ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།    ས་གནས་དེ་གའི་དུས་ཚོད་ཚེས13ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་སི་རི་ཡར་བཀག་སྡོམ་མཚམས་འཇོག་པའི་བཀའ་དབབ་རྒྱུ་ཡིན་ཟེར།

图片1.png

གནས་ཚུལ་སྤེལ་བར་གཞིགས་ན།    ཐེ་རོན་ཕུའུ་ཡིས་ད་དུང་ཨ་མེ་རི་ཁའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་གཟའ་འཁོར་འདིར་སི་རི་ཡའི་ཕྱི་འབྲེལ་སྡེ་ཚན་གྱི་འགན་འཁུར་བ་ཞི་པ་ཉི་དང་ངོ་འཕྲད་རྒྱུ་ཡིན་པ་བཤད།

ཐེ་རོན་ཕུའུ་ཡིས“ང་ཚོས(སི་རི་ཡར)བཀག་སྡོམ་ཁྱོན་ཡོངས་ནས་མེད་པ་བཟོ་རྒྱུ་ཡིན།” “སི་རི་ཡ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་།    འཛམ་གླིང་ལ་ཁྱེད་ཚོའི་ཐུན་མོང་མ་ཡིན་པའི་འཇོན་ནུས་ངོམས”ཞེས་བཤད།

གནས་ཚུལ་སྤེལ་བའི་ནང་ངོ་སྤྲོད་བྱས་པར་གཞིགས་ན།    ཐེ་རོན་ཕུའུ་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་སི་རི་ཡ་བར་གྱི་རྒྱུན་ལྡན་གྱི་འབྲེལ་བ་སླར་གསོ་བྱས་པ་མ་ཟད།   སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དང་ཐུར་ཁེའི་ཙུང་ཐུང་དང་གྲོས་བསྡུར་བྱས་རྗེས་གཏན་འབེབས་དེ་བྱས་པ་རེད། དེ་རྗེས་སི་རི་ཡའི་ཕྱི་འབྲེལ་སྡེ་ཚན་གྱི་འགན་འཁུར་བ་ཨ་ས་ཏེ·ཧ་སང·ཞི་པ་ཉི་ཡིས་གསལ་བསྒྲགས་དེར་དགའ་བསུ་བྱས་ཡོད་ཅེས་བཤད།

གཞན་སི་རི་ཡའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཞི་པ་ཉི་ཡིས་སི་རི་ཡས་ཐེ་རོན་ཕུའུ་ཡིས་བཀག་སྡོམ་མེད་པར་བཟོ་བའི་སྐོར་གྱི་སྐད་ཆ་ལ་དགའ་བསུ་བྱེད་ཀྱིན་ཡོད་པ་དང་། འབྲེལ་ཡོད་བྱེད་ཐབས་ཀྱིས་སི་རི་ཡའི་བསྐྱར་སྐྲུན་གྱི་འཕེལ་རིམ་ལ་ཕན་ཐོགས་ཡོད་པར་འདོད་ཅེས་བཤད།


མཉམ་སྤྱོད།