དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཙེ་ལེན་སི་ཅིས་ཨ་ཡུག་གཏེར་ཁའི་གྲོས་མཐུན་ལ་ཆོག་མཆན་སྤྲད།

2025-05-13 10:18:14   |   151

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ5པའི་ཚེས13ཉིན་གྱི་གློག་འཕྲིན།《ཅི་ཧྥུ་རང་བཙན་ཚགས་པར》ལས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས12ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས《ཨ་རི་དང་ཡུག་རེན་གྱི་བསྐྱར་སྐྲུན་མ་འཇོག་ཐེབས་རྩ་འཛུགས་པའི་གྲོས་མཐུན》ཆོག་མཆན་སྤྲོད་པའི་སྐོར་གྱི་བཅའ་ཁྲིམས་ལ་མིང་རྟགས་བཀོད་པ་རེད།

图片1.png

གནས་ཚུལ་སྤེལ་བའི་ནང་གྲོས་མཐུན་དེས་ཨ་རིས་ཡུག་རེན་གྱི་འགག་རྩའི་གཏེར་ཁའི་ཐོན་ཁུངས་རྣམ་གྲངས་གསར་སྤེལ་བྱེད་པར་དམིགས་བསལ་དབང་ཚད་སྤྲད་ཡོད་ཅེས་འཁོད་ཡོད་པ་རེད།

ཟླ4ཚེས30ཉིན། ཨ་རི་དང་ཡུག་རེན་གྱིས《ཨ་རི་དང་ཡུག་རེན་གྱི་བསྐྱར་སྐྲུན་མ་འཇོག་ཐེབས་རྩ་འཛུགས་པའི་གྲོས་མཐུན》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་། དེ་ནི་ཨ་རི་དང་ཡུག་རེན་གྱི་གཏེར་ཁའི་གྲོས་མཐུན་ཡིན་ལ། ཅི་ཧྥུ་དང་ཝ་ཧྲིང་ཐོན་གྱིས་ཐུན་མོང་ཐོག་དོ་དམ་བྱེད་པའི་བསྐྱར་སྐྲུན་མ་འཇོག་ཐེབས་རྩ་བཙུགས་པ་རེད།

ཡུག་རེན་གྱི་ཆེས་མཐོའི་ལ་ཏ་ཡིས་ཟླ5པའི་ཚེས8ཉིན་གྲོས་མཐུན་དེར་ཆོག་མཆན་སྤྲད་པ་དང་། གྲོས་མི338ཀྱིས་མོས་མཐུན་འདེམས་ཤོག་འཕངས་པ་རེད།

གྲོས་མཐུན་དེ་ནི་ཟླ་བ་ཁ་ཤས་རིང་དཀའ་ཚེགས་ཆེ་བའི་གྲོས་མོལ་བྱས་རྗེས་བཞག་པ་ཞིག་ཡིན་པ་དང་། གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་ཕྱོགས་གཉིས་པོས་ཐེབས་རྩ་དེའི་འཁོར་སྐྱོད་ཞིབ་ཕྲ་ཚང་མ་ཕྱིར་བསྒྲགས་བྱས་མེད།

དེ་སྔ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡུག་རེན་གྱིས་ཨ་རི་ཕྱོགས་དང་གྲོས་མཐུན་མི་འཇོག་ཐབས་མེད་བྱུང་བ་དེ་ཐོག་ནས་ཨ་རི་ཕྱོགས་ཀྱིས“ཡུག་རེན་སྲིད་དབང་ལ་གཏོར་བཤིག་གཏོང་རྒྱུ”མཚོན་པ་དང་། ཡུག་རེན་གྱིས་གཏེར་ཁའི་ཐོན་ཁུངས་སྤྱད་དེ་ཨ་རིའི་དམག་དོན་རོགས་སྐྱོར་ལ་སྐྱིན་ཚབ་མི་འཇལ་ཐབས་མེད་ཡིན་ཞེས་ལྐོག་བརྡ་བཏང་བ་རེད།


མཉམ་སྤྱོད།