དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་ཨའི་རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་མཉམ་འབྲེལ་གསལ་བསྒྲགས།

2025-05-12 16:33:35   |   35

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང(“ཀྲུང་གོ”)དང་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྲིད་གཞུང(“ཨ་རི”)གཉིས་ཀྱིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་གལ་ཆེའི་རང་བཞིན་ལྡན་པ་ངོས་འཛིན་ཐུབ་པ་དང་། རྒྱུན་མཐུད་དང་། ཡུན་རིང་། གཉིས་ཕན་བཅས་ཀྱི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཐུབ་པ། ཕྱོགས་གཉིས་པོས་ཉེ་དུས་གྲོས་བསྡུར་བྱས་པར་གཞིགས་ན། རྒྱུན་མཐུད་གྲོས་མོལ་བྱས་པ་དེས་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད་པའི་ཡིད་ཆེས་ཡོད། ཕན་ཚུན་སྒོ་འབྱེད་དང་། རྒྱུན་མཐུད་འབྲེལ་གཏུག མཉམ་ལས་དང་ཕན་ཚུན་བརྩི་འཇོག་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་འབྲེལ་ཡོད་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

ཕྱོགས་གཉིས་པོས2025ལོའི་ཟླ5པའི་ཚེས14ཉིན་གྱི་སྔོན་ལ་གཤམ་གསལ་གྱི་བྱེད་ཐབས་སྤྱོད་རྒྱུ་ཁས་ལེན་བྱས་པ་སྟེ།

ཨ་རིས(གཅིག)2025ལོའི་ཟླ4པའི་ཚེས2ཉིན་གྱི་སྲིད་འཛིན་བཀའ་རྒྱ་ཨང14257པའི་ནང་གཏན་འབེབས་བྱས་པའི་ཀྲུང་གོའི་ཚོང་ཟོག(ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚོང་ཟོག་ཚུད་པ)ལ་ཁ་སྣོན་གྱིས་རིན་བསྟུན་སྒོ་ཁྲལ་བསྡུ་རྒྱུ་ཡིན་པ་བཟོ་བཅོས་རྒྱག་རྒྱུ་དང་། དེའི་ནང 24%ཡི་སྒོ་ཁྲལ་དེ་ཐོག་མར་ལག་བསྟར་བྱེད་པའི་ཉིན90ཡི་ནང་དུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ། དུས་མཚུངས་སུ་སྲིད་འཛིན་བཀའ་རྒྱའི་གཏན་འབེབས་ལྟར་ཚོང་ཟོག་དེ་དག་ལ་ལྷག་མའི10%ཡི་སྒོ་ཁྲལ་ཁ་སྣོན་གྱིས་བསྡུ་རྒྱུ་ཡིན་པ་སོར་བཞག་བྱ་རྒྱུ།(གཉིས)2025ལོའི་ཟླ4པའི་ཚེས་8ཉིན་གྱི་སྲིད་འཛིན་བཀའ་རྒྱ་ཨང14259པ་དང2025ལོའི་ཟླ4པའི་ཚེས9ཉིན་གྱི་སྲིད་འཛིན་བཀའ་རྒྱ་ཨང14266པ་གཞིར་བཟུང་ནས་ཚོང་ཟོག་དེ་དག་ལ་སྒོ་ཁྲལ་ཁ་སྣོན་བསྡུ་རྒྱུ་མེད་པར་བཟོ་རྒྱུ་ཡིན།

ཀྲུང་གོས(གཅིག)ཁྲལ་དོན་ཨུ་ལྷན་གྱི་སྤྱི་བསྒྲགས་ལས2025ལོའི་ཨང4པའི་གཏན་འབེབས་ལྟར་ཨ་རིའི་ཚོང་ཟོག་ལ་ཁ་སྣོན་གྱིས་རིན་བསྟུན་སྒོ་ཁྲལ་བསྡུ་རྒྱུ་ཡིན་པ་བཟོ་བཅོས་རྒྱག་རྒྱུ་དང་། དེའི་ནང 24%ཡི་སྒོ་ཁྲལ་དེ་ཐོག་མར་ལག་བསྟར་བྱེད་པའི་ཉིན90ཡི་ནང་དུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ། དུས་མཚུངས་སུ་ཚོང་ཟོག་དེ་དག་ལ་ལྷག་མའི10%ཡི་སྒོ་ཁྲལ་ཁ་སྣོན་གྱིས་བསྡུ་རྒྱུ་ཡིན་པ་སོར་བཞག་དང་། ཆབས་ཅིག་ཏུ་ཁྲལ་དོན་ཨུ་ལྷན་གྱི་སྤྱི་བསྒྲགས་ལས2025ལོའི་ཨང5པ་དང་ཨང6པ་གཞིགས་ནས་ཚོང་ཟོག་དེ་དག་ལ་སྒོ་ཁྲལ་ཁ་སྣོན་བསྡུ་རྒྱུ་མེད་པར་བཟོ་རྒྱུ་ཡིན།(གཉིས།)དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། 2025ལོའི་ཟླ4པའི་ཚེས2ཉིན་ནས་བཟུང་ཨ་རིར་དམིགས་པའི་སྒོ་ཁྲལ་མིན་པའི་འགོག་རྒོལ་བྱེད་ཐབས་མཚམས་འཇོག་པའམ་མེད་པར་བཟོ་རྒྱུ་ཡིན།

གོང་གསལ་གྱི་བྱེད་ཐབས་སྤྱད་རྗེས་ཕྱོགས་གཉིས་པོས་ལམ་སྲོལ་བཙུགས་ནས་དཔལ་འབྱོར་ཚོང་དོན་འབྲེལ་བའི་ཐད་མུ་མཐུད་དུ་གྲོས་མོལ་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱི་འཐུས་མི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་ཡིན་པ་དང་། ཨ་རི་ཕྱོགས་ཀྱི་འཐུས་མི་ནི་ནོར་སྲིད་པུ་ཀྲང་སི་ཁོ་ཐེ·པེ་སེན་ཐེ་དང་། ཨ་རིའི་ཚོང་དོན་འཐུས་མི་ཅ་སྨི་སེན·ཀེ་ལིར་ཡིན་པ་རེད། གྲོས་མོལ་དེ་ཀྲུང་གོ་དང་ཨ་རིའམ་ཡང་ན་ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པའི་རྒྱལ་ཁབ་གསུམ་པར་འཚོག་ཆོག དགོས་མཁོར་གཞིགས་ནས་ཕྱོགས་གཉིས་པོས་འབྲེལ་ཡོད་དཔལ་འབྱོར་ཚོང་དོན་གྱི་གྲོས་གཞི་དང་ལས་དོན་ཐད་གྲོས་མོལ་བྱེད་ཆོག

(ཤིན་ཧྭ་གསར་འགྱུར་ཁང་རི་ནེ་ཝ་ནས་ཟླ5པའི་ཚེས12ཉིན་གྱི་གློག་འཕྲིན)



མཉམ་སྤྱོད།