དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིས་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་ཐོངས་མཆན་མེད་པ་བཟོ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ།

2025-05-30 09:04:39   |   166

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།  ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ5པའི་ཚེས29ཉིན་འབྱོར་བའི་གློག་འཕྲིན། ཚེས་29ཉིན།(གསར་འགོད་པ་མ་ཀྲུའོ་ཡན་དང་ཧྲའོ་དབྱི་པོ)ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་སྐྱོན་སྐབས་ཨ་རི་ཕྱོགས་ཀྱིས་འདུ་ཤེས་འཛིན་སྟངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་ཐོངས་མཆན་ལུགས་མེད་ངང་མེད་པར་བཟོ་བར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཨ་རི་ཕྱོགས་ལ་འབྲེལ་གཏུག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

མའོ་ཉིང་གིས “ཨ་རིའི་ཆབ་སྲིད་རང་བཞིན་དང་མཐོང་ཆུང་རང་བཞིན་གྱི་བྱེད་སྟངས་དེས་ཨ་རིས་སྔ་ཕྱི་བར་གསུམ་དུ་འུད་བསྟོད་བྱེད་པའི་རང་མོས་སྒོ་དབྱེའི་རྫུན་གཏམ་མཐིལ་བརྟོལ་ཡོད་པས་ཨ་རི་རང་ངོས་ཀྱི་རྒྱལ་སྤྱིའི་གཟུགས་བརྙན་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་སྔར་བས་གནོད་འཚེ་གཏོང་རྒྱུ་ལས་མ་འདས།”ཞེས་བཤད་ཡོད།


མཉམ་སྤྱོད།