དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

IMFཡིས་སྔོན་དཔག་བྱས་ན2025ལོར་རྒྱ་གར་དེ་འཇར་པན་ལས་བརྒལ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་བཞི་པར་འགྱུར་རྒྱུ་རེད།

2025-05-28 09:58:25   |   89

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ5ཚེས27ཉིན་གློག་འཕྲིན། ཚེས25ཉིན། 《རྒྱ་གར་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་སྲིད་གཞུང་གི་ཇུས་འདོན་ཚོགས་པ“རྒྱ་གར་ཕྱོགས་སྒྱུར་རྒྱལ་ཁབ་ཞིབ་འཇུག་སུའོ”ཡིCEOསུའུ་པུའུ་ལ་མཱ་ཉི་ཡ་མུའུ་ཡིས་རྒྱ་གར་འཇར་པན་ལས་བརྒལ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་བཞི་པར་གྱུར་པ་དང་། ལོ་གཉིས་དང་ཕྱེད་ཀ་ནས་ལོ་གསུམ་ནང་འཇར་མན་ལས་བརྒལ་ནས་འཛམ་གླིང་གི་ཨང་གསུམ་པ་འགྱུར་རྒྱུ་ཡིན་པ་བསྟན།

117898797_fd9383da-1566-4a63-a172-717416531b95.jpg

སུའུ་པུའུ་ལ་མ་ཉི་ཡ་མུའུ་ཡིས་གྲངས་གཞི་དེའི་ཡོང་ཁུངས་ནི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཡིན་ཟེར།

ཀྲུང་གོ་གསར་འགྱུར་དྲ་བའི་ཤེས་རྟོགས་བྱུང་བར་གཞིགས་ན། IMFད་ལོའི་ཟླ4པར་ཁྱབ་བསྒྲགས་བྱས་པའི《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟ》སྟེང་སྔོན་དཔག་བྱས་ན་2025ལོར་རྒྱ་གར་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་བཞི་པར་འགྱུར་རྒྱུ་ཡིན་པ་སྤེལ་ཡོད། IMFགྲངས་གཞིའི་སྔོན་དཔག་ལྟར་ན། 2025ལོར་རྒྱ་གར་གྱིGDPཨ་སྒོར་དུང་ཕྱུར་ཁྲི4.187ཟིན་ནས་འཇར་པན་གྱི་ཨ་སྒོར་དུང་ཕྱུར་ཁྲི4.186ལས་མཐོ་ཞིང་། ཨ་རི་དང་། ཀྲུང་གོ འཇར་མན་བཅས་ལས་དམའ་བ་རེད།

སྙན་ཞུ་དེའི་ནང་ད་དུང་ཚོང་དོན་ཛ་དྲག་གི་དུས་བབ་ཆེ་རུ་ཕྱིན་པ་དང་གོ་ལ་ཧྲིལ་པོར་གཏན་འཁེལ་མེད་པའི་རང་བཞིན་ལྡན་པའི་དབང་གིས་རྒྱ་གར་གྱི་དཔལ་འབྱོར་སྔོན་དཔག་བྱས་ན2025-2026ལོའི་བར་འཚར་ལོངས་བྱུང་ཚད6.2%ཟིན་ཞིང་། དེ་སྔ་ཚོད་དཔག་བྱས་པའི6.5%ལས་དམའ་བ་ཡོད་ཅེས་འཁོད་ཡོད་པ་རེད། 2025ལོར་མི་རེའི་ཆ་སྙོམས་ཡོང་འབབ་ཨ་སྒོར2880ཟིན་རྒྱུ་རེད།

སུའུ་པུའུ་ལ་མ་ཉི་ཡ་མུའུ་ཡིས་གསར་འགོད་པར་གལ་ཏེ་མིག་སྔའི་འཆར་གཞི་དང་བསམ་ཕྱོགས་མཐའ་འཁྱོངས་བྱས་ཚེ་ལོ་གཉིས་དང་ཕྱེད་ཀ་ནས་ལོ་གསུམ་བར་རྒྱ་གར་དཔལ་འབྱོར་དངོས་ཚན་ཆེ་གྲས་གསུམ་པར་འགྱུར་རྒྱུ་ཡིན་པ་མ་ཟད། སྤྱི་ཡོངས་ཀྱི་ས་ཁོངས་ཆབ་སྲིད་དང་དཔལ་འབྱོར་ཁོར་ཡུག་རྒྱ་གར་ལ་ཕན་ཐོགས་ཡོད་ཅེས་བཤད་པ་རེད།


མཉམ་སྤྱོད།