དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་སི་རལ་གྱི་ཙུང་ལིས་ཨ་རི་ཕྱོགས་ཀྱིས་བཏོན་པའི་ཅ་ཧྲ་དམག་མཚམས་འཇོག་པའི་ཇུས་གཞི་དང་ལེན་བྱ་རྒྱུའི་མོས་མཐུན་བྱུང་འདུག

2025-05-30 14:42:14   |   260

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ5པའི་ཚེས30ཉིན་གྱི་གློག་འཕྲིན། ལུའུ་ཐུའུ་གསར་འགྱུར་ཁང་གིས་ཨ་རིའི་ཕོ་བྲང་དཀར་པོའི་ས་གནས་དེ་གའི་དུས་ཚོད་ཚེས29ཉིན་གྱི་བཤད་ཚུལ་དྲངས་ནས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་བཀག་ཉར་བྱས་པའི་ནང་མིར་དབྱི་སི་རལ་ཕྱོགས་ཀྱིས་ཨ་རིའི་དབུས་ཤར་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐེ་ཁོའོ་ཕུའུ་ཡིས་ཅ་ཧྲ་ས་ཁུལ་གྱི་དམག་མཚམས་འཇོག་རྒྱུའི་སྐོར་གྱི་གྲོས་གཞི་གསར་པ་དང་ལེན་བྱ་རྒྱུའི་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཚེས29ཉིན་གྱི་ཞོགས་པར་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)རྩ་འཛུགས་དེའི་མགོ་ཁྲིད་རིམ་པར་གཟུ་བ་ཕྱོགས་བརྒྱུད་ནས་ཨ་རིའི་དབུས་ཤར་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐེ་ཁོ་ཕུའུ་ཡིས་ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་སྐོར་གྱི་ཇུས་གཞི་གསར་པ་འབྱོར་བ་དང་། འགན་འཁུར་པའི་རྣམ་འགྱུར་ཐོག་ནས་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

གནས་ཚུལ་སྤེལ་བའི་ནང་ཕོ་བྲང་དཀར་པོའི་ཕྱོགས་ཀྱིས་ཨ་རི་དང་དབྱི་སི་རལ་གྱིས་ཧ་མ་སིས་དམག་མཚམས་འཇོག་པའི་གྲོས་མགོར་ལན་སློག་རྒྱུར་སྒུག་བཞིན་ཡོད་ཅེས་བཤད་ཡོད།


མཉམ་སྤྱོད།