དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནེ་པ་ལའི24/25ནོར་སྲིད་ལོ་འཁོར་གྱི་ཟླ་བཅུ་གཅིག་པའི་བར་ཕྱི་ཕྱོགས་མ་དངུལ་བཀུག་ཚད་དུས་མཚུངས་ལས36%འཕར་བ།

2025-06-17 17:27:55   |   37

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀ་ཏ་མན་རྡུ་ནས་ཟླ6པའི་ཚེས17ཉིན་གློག་འཕྲིན་འབྱོར་གསལ། ནེ་པ་ལའི་བཟོ་ལས་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ནོར་སྲིད་ལོ་འཁོར་གྱི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་ནེ་པ་ལས་བཀུག་པའི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་དུས་མཚུངས་ལས36%འཕར་ཡོད།

ཟླ6པའི་ཚེས14ཉིན་བར། ཕྱི་རྒྱལ་གྱིས་མ་འཇོག་ཁས་ལེན་བྱས་པའི་གྲངས་འབོར་ནེ་པ་ལའི་ལུའུ་པི་དུང་ཕྱུར606(ཨ་སྒོར་དུང་ཕྱུར4.41ཙམ)ལ་སླེབས་པ་དང་། 2023/24ནོར་སྲིད་ལོ་འཁོར་གྱི་དུས་མཚུངས་གྲངས་འབོར་ནི་ལུའུ་པི་དུང་ཕྱུར444(ཨ་སྒོར་དུང་ཕྱུར3.23ཙམ)ཡིན།

གྲངས་གཞི་ལས་མངོན་པ་ལྟར་ན། འབྲེལ་ཡོད་མ་འཇོག་རྣམ་གྲངས717དང་འབྲེལ་བ་ཡོད་པ་དང་། སྔོན་དཔག་བྱས་ན་ལས་ཞུགས་ལས་གནས་ཁྲི1.7ལྷག་ཙམ་གཏོད་ཐུབ་རྒྱུ་རེད། དེའི་ནང་འཕྲིན་གཏོང་ཆ་འཕྲིན་ལག་རྩལ་དང་གནས་སྐོར་ལས་རིགས་ནི་ཕྱི་རྒྱལ་གྱི་མ་དངུལ་གྱི་གདམ་ག་ཐོག་མ་ཡིན་པ་དང་དེ་རྗེས་ཞབས་ཞུའི་ལས་རིགས་དང་བཟོ་སྐྲུན་ལས་རིགས་རེད།


མཉམ་སྤྱོད།