དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མི་རིགས་ཁག་གི་ཕྱིར་སྡོད་རང་མིའི་དགའ་སྟོན་ཚོགས་འདུ་ཞི་ཉི་རུ་འཚོགས་པ།

2025-06-17 16:02:02   |   422

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བའི་ཞི་ཉི་ནས་ཟླ6པའི་ཚེས17ཉིན་གློག་འཕྲིན་འབྱོར་གསལ། ཞི་ཉི་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་གཉེར་བའི་མི་རིགས་ཁག་གི་ཕྱིར་སྡོད་རང་མིའི་དགའ་སྟོན་ཚོགས་འདུ་ཉིན་ཤས་གོང་ཞི་ཉི་རུ་འཚོགས་པ་དང་། ཞིན་ནན་ཝེའར་ཧྲི་མངའ་སྡེ་ཡི་མི་རིགས་ཁག་གི་ཕྱིར་སྡོད་རང་མིའི་འཐུས་མི་དང་ས་གནས་དེ་གའི་སྲིད་དོན་མི་སྣ་སོགས་མི500ལྷག་ཙམ་ཞུགས་ཡོད།

ཞི་ཉི་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དཔོན་ཝང་ཡུས་ཀྱིས་ཤིས་ཚིག་ཕུལ་སྐབས་ནན་གྱིས་བསྟན་དོན། རིག་གནས་སྣ་མང་ཡིན་པས་ངོ་མཚར་ཆེ། མི་རིགས་མཐུན་སྒྲིལ་ཡོད་པས་ཡར་རྒྱས་བྱུང་། མི་རིགས་ཁག་གི་ཕྱིར་སྡོད་སྤུན་ཟླ་ཚོས་མཐུན་སྒྲིལ་དམ་ཟབ་དང་ས་གནས་དེ་གར་མཉམ་འདྲེས་བྱས་ཏེ་མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཧུར་ཐག་གཏོང་དགོས་པ་དང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དང་ཀྲུང་ཨོའི་མཛའ་བརྩེའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུའི་རེ་བ་ཡོད་ཅེས་བཤད།


མཉམ་སྤྱོད།