དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁོང་ཀོར་དྲག་ཆས་ཀྱི་འཇབ་རྒོལ་ཕོག་སྟེ་ཉུང་མཐར་ཡང་མི318རྐྱེན་ལམ་དུ་ཤོར།

2025-06-16 15:13:30   |   208

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་ཞིན་དྲ་བའི་པེ་ཅིང་གི་ཟླ6པའི་ཚེས16ཉིན་གྱི་གློག་འཕྲིན། ཅིན་ཧྲ་ས་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་ཟླ6པའི་ཚེས16ཉིན། ཁོང་ཀོ་རྒྱལ་དམངས་གྲོས་ཚོགས་ཀྱི་ཚོགས་གཙོ་ཝེ་ཐ་ཁར་རྨེ་ལི་ཡིས་རྒྱལ་དམངས་ཚང་འཛོམས་གྲོས་ཚོགས་ཐོག་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་རྒྱུད་དུ་གནས་པའི་ཐན་ཀ་ཉི་ཁ་ཞིང་ཆེན་གྱི་མོ་པ་ས་ཁུལ་དུ་ཉིན་ཤས་གོང་དྲག་ཆས་ཀྱི་འཇབ་རྒོལ་ཕོག་སྟེ་ཉུང་མཐར་ཡང་མི318རྐྱེན་ལམ་དུ་ཤོར་ཟེར།

སུའེ་ཙེར་ཆ་འཕྲིན་དྲ་བ་སོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཁར་རྨེ་ལི་ཡིས་རྒྱལ་ཁབ་དེའི་ཤར་རྒྱུད་དུ་གནས་པའི་ཐན་ཀ་ཉི་ཁ་ཞིང་ཆེན་གྱི་མོ་པ་ས་ཁུལ་དུ་ཉིན་ཤས་གོང་དྲག་ཆས་ཀྱི་འཇབ་རྒོལ་ཕོག་སྟེ་ཉུང་མཐར་ཡང་མི318རྐྱེན་ལམ་དུ་ཤོར་བ་དང། གྲོང་ཚོ་མང་པོའི་གྲོང་མི་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་ཡོད་ཅེས་བཤད་པ་དང་། རྐྱེན་ལམ་དུ་ཤོར་བའི་མིར་སྐར་མ་གཅིག་རིང་མྱ་ངན་ཞུ་དགོས་པའི་འབོད་སྐུལ་བྱས།

སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཁོང་ཀོའི་ཤར་རྒྱུད་ཀྱི་དབྱི་ཐུའུ་ལི་ཞིང་ཆེན་དང་། པེ་ཅི་ཝུའུ་ཞིང་ཆེན། ནན་ཅི་ཝུའུ་ཞིང་ཆེན་བཅས་དང་མི་འདྲ་བར་ད་ཐེངས་ཀྱི་འཇབ་རྒོལ་དོན་རྐྱེན་ཐོན་ཡུལ་དང་ཐན་ཀ་ཉི་ཁ་ཞིང་ཆེན་དུ་ལོ་རྒྱུས་ཐོག་དྲག་ཆས་ཚོགས་པས་བྱེད་སྒོ་སྤེལ་མྱོང་ཡོད་མོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་འཇབ་རྒོལ་གྱི་དོན་རྐྱེན་དེ་རིགས་ཐོན་མྱོང་མེད། དེའི་ཐད་ཁར་རྨེ་ལི་ཡིས་འཇབ་རྒོལ་བྱེད་མཁན་གྱི་ཐོབ་ཐང་དང་དེ་བཞིན་འཇབ་རྒོལ་ཕོག་པའི་དུས་ཚོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད།

མིག་སྔར་ཁོང་ཀོའི་ཤར་རྒྱུད་ཀྱི་བདེ་འཇགས་གནས་བབ་ཛ་དྲག་ཡོད་པ་དང་ས་གནས་ཀྱི་དྲག་ཆས་དང་ཕྱི་རྒྱལ་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་དྲག་ཆས་མང་པོས་ས་གནས་དེ་གར་བྱེད་སྒོ་སྤེལ་གྱིན་ཡོད།


མཉམ་སྤྱོད།