དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡེ་མེན་ཧུའུ་སེ་དྲག་ཆས་ཀྱིས་མཐོ་རིམ་དམག་དཔོན་ལ་གནས་འཁེལ་གཙང་སེལ་བྱས་པ་ཁས་མ་བླངས་པ།

2025-06-16 10:34:45   |   69

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཞིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ6པའི་ཚེས15ཉིན་འབྱོར་བའི་གློག་འཕྲིན། ས་ན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཡེ་མེན་གྱི་ཧུའུ་སེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་ས་པ་འཕྲིན་གཏོང་ཁང་གིས་ཚེས15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཧུའུ་སེ་དྲག་ཆས་ཀྱིས་རྒྱལ་ས་ས་ནར་དབྱི་སི་རལ་གྱི་མཁའ་རྒོལ་ཕོག་པ་ཁས་མ་བླངས་པ་དང་། དབྱི་སི་རལ་གྱིས“གནས་འཁེལ་གཙང་སེལ་བྱས་པའི”བཤད་ཚུལ་དེ“རྫུན་བཟོ་བྱས་པ་ཞིག་རེད”ཅེས་བརྗོད་པ་རེད།

ཚེས14ཉིན། དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་ནས་དབྱི་སི་རལ་མཁའ་དམག་གིས་ཡེ་མེན་གྱི་རྒྱལ་ས་ས་ན་དང་དབྱི་རན་གྱི་མངའ་ཁོངས་ནང་གི་དམིགས་ཚད་ལ་དུས་གཅིག་ཏུ་རྡུང་རྡེག་གཏོང་བཞིན་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཧུའུ་སེ་དྲག་ཆས་ཀྱི་མཐོ་རིམ་དམག་དཔོན་གནས་འཁེལ་གཙང་སེལ་བྱ་རྒྱུ་དེ་རེད།

ས་ནའི་སྡོད་དམངས་ཀྱིས་བཤད་པ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས14ཉིན་གྱི་ཆུ་ཚོད23ཡས་མས་སུ་ས་ན་ལྷོ་རྒྱུད་ཀྱི་ཟླ་བཅུ་པའི་ཚེས་བཅུ་བཞིའི་སྲང་ལམ་ལ་གློ་བུར་དུ་འབར་གས་དྲག་པོ་བྱུང་། ཡེ་མེན་གྱི་ཧུའུ་སེ་དྲག་ཆས་དང་ཉེ་བར་བཅར་བའི་མི་སྣས་ཚེས14ཉིན་གྱི་དགོང་མོ་དབྱི་སི་རལ་གྱིས་ས་ན་ཧུའུ་སེ་དྲག་ཆས་མགོ་ཁྲིད་པའི་སྡོད་ཁང་ཁུལ་དང་དེ་བཞིན་ཧུའུ་སེ་དྲག་ཆས་བདེ་འཇགས་དང་གསང་འཕྲིན་སྤྱི་ཁྱབ་པུ་ལ་མཁའ་རྒོལ་བྱས་ཡོད་ཅེས་བཤད་པ་རེད།

གཞན་ཡང་། ཧུའུ་སེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་མ་ཤིས་ལ་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཧུའུ་སེ་དྲག་ཆས་ཀྱིས་དབྱི་སི་རལ་གྱི་ཐེ་ལ་ཝུའེ་ཕུའུ་ཡི“ཚོར་སྐྱེན་”དམིགས་ཚད་ལ་ཚད་མཐོའི་མྱུར་ཚད་ཀྱི་འཕུར་མདེལ་འགའ་འཕེན་གཏོང་བྱས་ནས་དབྱི་རན་གྱིས་དབྱི་སི་རལ་ལ་དམིགས་པའི་བྱ་སྤྱོད་ལ་གཞོགས་འདེགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ཚེས13ཉིན་གྱི་ཐོ་རེངས་ནས་བཟུང་དབྱི་སི་རལ་གྱིས་གཞི་ཁྱོན་ཆེ་བའི་དབྱི་རན་ལ་མུ་མཐུད་དུ་མཁའ་རྒོལ་བྱས་ཏེ། ཉིང་རྡུལ་སྒྲིག་བཀོད་དང་དམག་དོན་དམིགས་ཚད་ལ་འབར་མདེལ་དབྱུགས་ནས་མི་སྣ་འབོར་ཆེན་ཤི་རྨས་བྱུང་བ་རེད། དབྱི་རན་གྱིས་ཉིན་དེའི་དགོང་མོར་མདེལ་ལམ་འཕུར་མདའ་དང་མི་མེད་གནམ་གྲུ་སྤྱད་དེ་ཕར་རྒོལ་བྱས་པ་རེད། དེ་རྗེས། ཕྱོགས་གཉིས་པོས་ཕན་ཚུན་མཁའ་རྒོལ་རྒྱུན་མཐུད་བྱས་པ་རེད།


མཉམ་སྤྱོད།