དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་དང་དབྱི་སི་རལ་གྱིས་ཕན་ཚུན་ལ་རེས་སྐོར་གསར་པའི་དམག་དོན་རྡུང་རྡེག་བཏང་བ།

2025-06-16 09:54:03   |   323

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།  ཞིན་ཧྭ་དྲ་བ།       བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་དང་ཅེ་རུས་ས་ལེམ་ནས་ཟླ6པའི་ཚེས15ཉིན་འབྱོར་བའི་གློག་འཕྲིན། ཚེས15ཉིན་གྱི་དགོང་མོ་དབྱི་རན་གྱིས་དབྱི་སི་རལ་ལ་རེས་སྐོར་གསར་པའི་འཕུར་མདེལ་གྱི་རྡུང་རྡེག་གཏོང་མགོ་ཚུགས་ཡོད་ཅེས་འཁོད་ཡོད་པ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཅེ་རུས་ས་ལེམ་དུ་འབར་གས་ཀྱི་སྒྲ་ཐེངས་མང་ཐོས་པ་དང་། དེ་དང་ཆབས་ཅིག་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་གྱི་མཁའ་དབྱིངས་སུ་ས་གནས་དེ་གའི་དུས་ཚོད་ཚེས15ཉིན་གྱི་དགོང་མོ་སླར་ཡང་འབར་གས་ཀྱི་སྒྲ་མང་པོ་ཞིག་གྲགས་ཡོད་པ་རེད།

ཚེས15ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་གྱི་མཁའ་དམག་གིས་དབྱི་རན་ནུབ་རྒྱུད་ཀྱི་ས་ཆ་བཅུ་གྲངས་ཀྱི་ས་ངོས་འཕུར་མདེལ་དམིགས་ཚད་ལ་རྡུང་རྡེག་རབ་དང་རིམ་པ་གཏོང་མགོ་ཚུགས་ཡོད་ཅེས་བཤད་པ་རེད།


མཉམ་སྤྱོད།