དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུངས་པའི་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མི265རྐྱེན་ལམ་དུ་ཤོར། མི་གཅིག་གསོན་ཡོད།

2025-06-13 10:08:15   |   336

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཚེས12ཉིན་པོ་དབྱིན787རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་རྒྱ་གར་གྱི་ཀུའུ་ཅི་ལ་ཐེ་མངའ་སྡེའི་ཨའེ་ཧ་མའེ་ཏ་པ་ཏེ་གནམ་ཐང་དུ་སར་ལྷུངས། གནམ་གྲུའི་ནང་མི242ཡོད། རྒྱ་གར་མཁའ་འགྲུལ་གྱིས་ར་སྤྲོད་བྱས་པ་ལྟར་ན། གནམ་གྲུའི་ཐོག་གི་མི241རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་གསོན་ཐུབ་བྱུང་ཡོད།

1.jpg

གཞན་ཡང་པེ་ཅིང་གི་དུས་ཚོད་ཚེས13ཉིན་གྱི་ཐོ་རེངས་སུ། རྒྱ་གར་དམངས་སྤྱོད་མཁའ་འགྲུལ་པུས་ད་ཐེངས་ཀྱི་དོན་རྐྱེན་བྱུང་ཡུལ་གྱི་འཚོལ་སྐྱོབ་བྱ་བ་མཇུག་གྲིལ་བའི་ཁྱབ་བསྒྲགས་བྱས། གནམ་གྲུའི་ཐོག་གི་མི་སྣ་ཕུད་དོན་རྐྱེན་གྱིས་ད་དུང་ས་ངོས་ཀྱི་མི་སྣ་ཤི་རྨས་བྱུང་དུ་བཅུག་པ་དང་ཀུའུ་ཅི་ལ་ཐེ་མངའ་སྡེའི་འཕྲོད་བསྟེན་སྡེ་ཚན་གྱི་དཔོན་རིགས་ཀྱིས་དོན་རྐྱེན་བྱུང་རྗེས་ཉུང་མཐར་ཡང་ས་ངོས་ཀྱི་མི་སྣ50སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དུ་བཅུག་ཡོད་ཅེས་བཤད། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ཐེངས་ཀྱི་དོན་རྐྱེན་ནང་ཉུང་མཐར་ཡང་མི265རྐྱེན་ལམ་དུ་ཤོར་ཡོད།

2.jpg


མཉམ་སྤྱོད།