དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོམ་ཕུའི་གཏམ་བཤད་གནང་ཡུལ་དུ་མདེའུ་འགོག་ཤེལ་སྒོ་ཆེན་པོ་བསླངས་འདུག

2025-06-11 15:10:13   |   76

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བ་ནས་ཟླ6པའི་ཚེས11ཉིན་གློག་འཕྲིན་འབྱོར་གསལ། ཕོ་བྲང་དཀར་པོའི་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱས་པའི་བརྙན་ལམ་ལས་མངོན་པ་ལྟར་ན། ས་གནས་དེ་གའི་ཚེས10ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་པེ་ཁ་ལུའོ་ལའེ་ན་མངའ་སྡེ་ཡི་དམག་དོན་རྟེན་གཞི་པུའུ་ལ་ཀེ་པའོ་རུ་གཏམ་བཤད་གནང་སྐབས། ཡུལ་དངོས་སུ་མདེའུ་འགོག་ཤེལ་སྒོ་ཆེན་པོ་བསླངས་ཡོད་པ་དང་། མཐོ་ཚད་ཕལ་ཆེར་སྨི་གཉིས་ལས་བརྒལ་ཡོད།

1.jpg

ཨ་རིའི་ཙུང་ཐུང་ཁྲོམ་ཕུས་མདེའུ་འགོག་ཤེལ་སྒོའི་ལྟག་རྒྱབ་ཏུ་གཏམ་བཤད་གནང་བཞིན་པ། པར་རིས་ཡོང་ཁུངས་ནི་ཨ་རིའི་ཕོ་བྲང་དཀར་པོའི་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་གྱི་བརྙན་རིས།

གཏམ་བཤད་གནང་སྐབས། ཁྲོམ་ཕུས་ལུའོ་ཧྲན་ཅིའི་ངོ་རྒོལ་བྱེད་མཁན་ནི“ཕྱི་རྒྱལ་གྱི་དགྲ་བོ”ཡིན་ཞེས་བརྗོད་པ་དང་ཆབས་ཅིག་ཁོང་གིས་དམག་དཔུང་ལ་རྔམ་སྟོན་ལ་དྲག་གནོན་བྱ་རྒྱུའི་བཀོད་སྒྲིག་བྱས་པར་དག་འབུད་བྱས་པ་དང་། ནུབ་མཚོའི་འགྲམ་གྱི་གྲོང་ཁྱེར་དེ“བཅིངས་འགྲོལ”གཏོང་རྒྱུའི་དམ་བཅའ་བཞག

དེ་སྔོན་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི2024ལོའི་ཟླ7པའི་ཚེས13ཉིན། ཁྲོམ་ཕུ་པིན་ཞི་ཧྥ་ཉི་ཡ་མངའ་སྡེ་ཡི་པ་ཐེ་ལེར་འདེམས་བསྐོའི་འགྲན་བསྡུར་ནང་ཞུགས་སྐབས་མེ་མདའ་ཕོག་པ་དང་། རྣ་བ་གཡས་པར་མདེའུ་ཕོག་ནས་རྨས་སྐྱོན་ཕོག་པ་རེད། གྱོད་གཞི་དང་འབྲེལ་བ་ཡོད་པའི་མེ་མདའ་རྒྱག་མཁན་དེ་དམིགས་བསལ་ལས་སྒྲུབ་ཅུས་བསད་པ་དང་། གཞན་ཡང་འདུ་འཛོམས་ནང་ཞུགས་མཁན་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག

བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཨ་རིའི་དམིགས་བསལ་ལས་སྒྲུབ་ཅུས་བདེ་སྲུང་འཆར་གཞི་གསར་པ་ཞིག་ལ་ཆོག་མཆན་སྤྲད་པ་སྟེ། ཕྱི་རོལ་གྱི་འདེམས་བསྐོའི་བྱེད་སྒོའི་ནང་མདེའུ་འགོག་ཤེལ་སྒོ་སྤྱད་དེ་ཁྲོམ་ཕུར་སྲུང་སྐྱོང་དེ་བས་ལེགས་པ་བྱེད་ཐུབ་པར་བྱས།

ས་གནས་དེ་གའི2024ལོའི་ཟླ8པའི་ཚེས21ཉིན། ཁྲོམ་ཕུས་མདེའུ་འགོག་ཤེལ་སྒོའི་ལྟག་རྒྱབ་ནས་ལྐོག་གསོད་ཐེབས་ནས་ཉེས་དམིགས་མ་གྲུབ་པའི་རྗེས་ཀྱི་ཕྱི་རོལ་གྱི་འདེམས་བསྐོའི་བྱེད་སྒོ་ཐོག་མ་སྤེལ།


མཉམ་སྤྱོད།