དེ་རིང་ནི2025ལོའི་ཟླ06པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡུག་རེན་ལ་ཡང་བསྐྱར་ཨུ་རུ་སུའི་གཞི་ཁྱོན་ཆེ་བའི་འཇབ་རྒོལ་ཕོག་ནས་མི་མང་པོ་ཤི་རྨས་བྱུང་།

2025-06-10 15:35:05   |   59

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་ཁང་པེ་ཅིང་ནས་ཟླ6པའི་ཚེས10ཉིན་གློག་འཕྲིན་འབྱོར་གསལ། ཡུག་རེན་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི་མངའ་ཁོངས་སུ་ས་གནས་དེ་གའི་ཚེས10ཉིན་གྱི་ཐོ་རེངས་དུས་སུ་ཡང་བསྐྱར་ཨུ་རུ་སུའི་གཞི་ཁྱོན་ཆེ་བའི་འཇབ་རྒོལ་ཕོག་ནས་མི་མང་པོ་ཤི་རྨས་བྱུང་ཡོད་ཅེས་བརྗོད། 

ཡུག་རེན་རྒྱལ་ཁབ་འཕྲིན་གཏོང་ཁང་དང《ཅི་ཕུ་རང་བཙན་ཚགས་པར》སོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས10ཉིན་གྱི་ཐོ་རེངས་སུ་ཨུ་རུ་སུའི་དམག་དཔུང་གིས་མི་མེད་གནམ་གྲུ་དང་འཕུར་མདེལ་སྤྱད་དེ་ཡུག་རེན་གྱི་རྒྱལ་ས་ཅི་ཕུ་དང་མཚོ་ནག་ངོགས་ཀྱི་གྲོང་ཁྱེར་ཨའོ་ཏེ་སཱ་ལ་གཞི་ཁྱོན་ཆེ་བའི་འཇབ་རྒོལ་བྱས་པ་དང་། ཉིན་དེའི་ཞོགས་པའི་བར་ཅི་ཕུའི་མི4ལ་རྨས་སྐྱོན་ཕོག་པ་དང་། ཨའོ་ཏེ་སཱའི་མི1ཤི་བ་དང་མི4ལ་རྨས་སྐྱོན་ཕོག གཞན་ཡང་བཟོ་སྐྲུན་མང་པོར་གཏོར་སྐྱོན་ཕོག དེའི་ནང་ཨའོ་ཏེ་སཱའི་བུད་མེད་སྨན་ཁང་ཞིག་ཚུད་ཡོད།

《ཅི་ཕུ་རང་བཙན་ཚགས་པར》ཐོག་དེ་སྔོན་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི་མཁའ་དམག་གི་མགྲིན་ཚབ་པ་ཡིའུ་ལི·དབྱི་ཀེ་ན་ཐེས་ཚེས9ཉིན་ཨུ་རུ་སུའི་དམག་དཔུང་གིས་ཚེས8ཉིན་གྱི་མཚན་མོ་ནས་ཚེས9ཉིན་གྱི་ཐོ་རེངས་བར་ཡུག་རེན་ལ་ཉེ་དུས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་འཇབ་རྒོལ་བྱས་པ་དང་། མི་མེད་གནམ་གྲུ479དང་དེ་བཞིན་འཕུར་མདེལ་རིགས20ལྷག་སྤྱད། དེ་དག་ལས479ཡུག་རེན་གྱི་དམག་གིས་གཏོར། ཨུ་རུ་སུའི་དམག་དཔུང་གི་རེས་སྐོར་འདིའི་འཇབ་རྒོལ་དམིགས་ཚད་ནི་ཡུག་རེན་གྱི་གནམ་ཐང་ཞིག་ཡིན་ཞེས་བཤད།

ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས9ཉིན་བརྡ་ཁྱབ་བཏང་དོན། ཨུ་རུ་སུའི་དམག་དཔུང་གིས་ཚེས8ཉིན་གྱི་མཚན་མོ་ནས་ཚེས9ཉིན་གྱི་ཐོ་རེངས་བར་ཞིབ་ཚད་མཐོ་བའི་རྒྱང་རིང་བར་སྣང་གི་མཚོན་ཆ་སྤྱད་དེ་ཡུག་རེན་གྱི་ལུའོ་ཧྥུ་ནུའོ་མངའ་སྡེའི་དམག་སྤྱོད་གནམ་ཐང་ལ་གཞི་ཁྱོན་ཆེ་བའི་རྡུང་རྡེག་བཏང་སྟེ། དེ་སྔོན་ཡུག་རེན་གྱི་དམག་གིས་ཨུ་རུ་སུའི་གནམ་ཐང་ལ་འཇབ་རྒོལ་བྱས་པར་འཁོན་ལན་སློག

གཞན་ཡང་ཐ་སི་གསར་འགྱུར་ཁང་གིས་ཚེས9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། འདས་ཟིན་པའི་ཉིན་གཅིག་ནང་ཨུ་རུ་སུའི་པེར་ཀེ་ལུའོ་ཏེ་མངའ་སྡེ་ཡི་ས་ཁུལ་མང་པོར་ཡུག་རེན་དམག་དཔུང་གི་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་ནས་མི6ལ་རྨས་སྐྱོན་ཕོག་པ་དང་། ཁུའུ་ཨར་སི་ཁེ་མངའ་སྡེ་ཡི་ས་ཁུལ་ཞིག་ལ་ཚེས9ཉིན་ཡུག་རེན་དམག་གིས་མེ་སྒྱོགས་འཕངས་ནས་མི་གཅིག་ཤི་བ་དང་མི5ལ་རྨས་སྐྱོན་ཕོག


མཉམ་སྤྱོད།