དེ་རིང་ནི2025ལོའི་ཟླ06པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་ཁྲིམས་འཛིན་སྡེ་ཚན་གྱིས་ལུའོ་ཧྲན་ཅིའི་གདོང་ཐུག་ནང་མི70ལྷག་ཙམ་འཛིན་བཟུང་བྱས་པ་དང་ཉེན་རྟོག་པ5ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད།

2025-06-10 11:09:38   |   42

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བ་ནས་ཟླ6པའི་ཚེས10ཉིན་གློག་འཕྲིན་འབྱོར་གསལ། ཚེ9ཉིན་ཨ་རིའི་ཕྱོགས་བསྡུས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཁྲིམས་འཛིན་སྡེ་ཚན་གྱིས་ལུའོ་ཧྲན་ཅིའི་གྲོང་ཁྱེར་ལྟེ་གནས་སུ་བྱུང་བའི་ཚེས7དང8ཉིན་གྱི་ངོ་རྒོལ་བྱེད་སྒོའི་ནང་ཉུང་མཐར་ཡང་མི72འཛིན་བཟུང་བྱས་ཡོད་ཅེས་བཤད།

1.jpg

ས་གནས་དེ་གའི་ཟླ6པའི་ཚེས9ཉིན་གྱི་ཐོ་རེངས་སུ་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་ལུའོ་ཧྲན་ཅིའི་གྲོང་ཁྱེར་ལྟེ་གནས་ཡོངས་སུ་ཉེན་ཟོན་བྱས་ཡོད་པ་དང་། དྲག་ཆས་སྤྲས་པའི་ཉེན་རྟོག་པ་མང་པོས་ཁྲོམ་གཞུང་དུ་མཚན་གང་བོར་ཉེན་ཟོན་བྱས་ཡོད། ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཧྲུའོ་ཧྲེས་པར་བླངས།

གནས་ཚུལ་སྤེལ་བར་གཞིགས་ན། ལུའོ་ཧྲན་ཅི་ཉེན་རྟོག་ཅུ་ཡིས་ཉེན་རྟོག་པ་ལྔ་ངོ་རྒོལ་བྱེད་སྒོའི་ཁྲོད་རྨས་སྐྱོན་ཕོག་ཡོད་ཅེས་བཤད། གཞན་ཡང་རྟ་ལྔ་ཡང་ཕར་རྒོལ་བྱ་ཡུལ་དུ་གྱུར་ནས་རྨས་སྐྱོན་ཆུང་ངུ་ཕོག་ཡོད་ཟེར།

ལུའོ་ཧྲན་ཅི་ཉེན་རྟོག་ཅུ་ཡིས་ད་དུང་འཛིན་བཟུང་བྱས་པའི་མི་སྣའི་ཉེས་མིང་ནང་མཚོན་ཆ་སྤྱད་དེ་ཉེན་རྟོག་པར་འཇབ་རྒོལ་དང་། འཕྲོག་བཅོམ། མེ་གཏོང་བ་སོགས་ཚུད་ཡོད་ཅེས་བཤད།

དེ་སྔོན་སྤེལ་བའི་གནས་ཚུལ་ལྟར་ན། ཚེས6ཉིན་གྱི་སྔ་དྲོ་ནས་བཟུང་ཨ་རིའི་གནས་སྤོས་ཡུལ་མི་དང་འགག་སྒོའི་ཁྲིམས་འཛིན་ཅུ་སོགས་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞིས་ཁྲིམས་འཛིན་མི་སྣ་འབོར་ཆེན་བསྟུད་མར་བཏང་ནས་ཅ་ཀྲོའུ་ཡི་ལུའོ་ཧྲན་ཅི་རྫོང་གི་ས་ཆ་མང་པོར་ཁྲིམས་འགལ་གནས་སྤོས་ཡུལ་མིར་དམིགས་པའི་ཁྲིམས་འཛིན་བྱ་སྤྱོད་སྤེལ། བྱ་སྤྱོད་སྤེལ་རིང་ཁྲིམས་འཛིན་མི་སྣ་ས་གནས་དེ་གའི་སྡེ་ཁུལ་གྱི་གྲོང་མིས་བསྐོར་ནས་ལུས་པོའི་གདོང་ཐུག་རྒྱུན་ཆད་མེད་པར་བྱུང་ཡོད།

ཟླ6པའི་ཚེས7ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཙུང་ཐུང་དྲན་ཐོར་མིང་རྟགས་བཀོད་དེ་ཉིའུ་སེན་གྱིས་རོགས་སྐྱོར་གནང་རོགས་མ་ཞུས་པའི་གནས་ཚུལ་འོག རྒྱལ་སྲུང་པུ་ལ་རྒྱལ་དམངས་ཉེན་རྟོག་རུ་ཁག་གི་མི་སྣ2000ལུའོ་ཧྲན་ཅི་ས་ཁུལ་དུ་བཅའ་སྡོད་བྱ་རྒྱུའི་བཀོད་སྒྲིག་བྱེད་དགོས་པའི་བཀའ་ཕབ།

ཚེས8ཉིན། ཅ་ཀྲོའུ་ཡི་རྒྱལ་དམངས་ཉེན་རྟོག་རུ་ཁག་གི་མི་སྣ300བཀོད་སྒྲིག་དམིགས་སར་འབྱོར། ཉིན་དེར། ལུའོ་ཧྲན་ཅིའི་གྲོང་ཁྱེར་ལྟེ་བའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་འཛིན་སྒྲིག་གཞིའི་སྒོ་འགྲམ་གྱི་ངོ་རྒོལ་མཁན་དང་ས་གནས་དེར་བཀོད་སྒྲིག་བྱས་པའི་རྒྱལ་དམངས་ཉེན་རྟོག་སྲུང་དམག་བར་གདོང་ཐུག་དྲག་པོ་བྱུང་།


མཉམ་སྤྱོད།