དེ་རིང་ནི2025ལོའི་ཟླ06པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐོལ་བྱུང་། འཇར་པན་དུ་བཅའ་སྡོད་བྱས་པའི་ཨ་རིའི་དམག་དཔུང་རྟེན་གཞི་འབར་གས་བྱུང་ནས་མི་ལ་ལར་རྨས་སྐྱོན་ཕོག་པ།

2025-06-09 15:26:25   |   155

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བ་ནས་ཟླ6པའི་ཚེས9ཉིན་གློག་འཕྲིན་འབྱོར་གསལ། འཇར་པན་རླུང་འཕྲིན་མཐུན་ཚོགས (NHK)ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཚེས9ཉིན་གྱི་ཆུ་ཚོད11དང་སྐར་མ20ཙམ་ལ། འཇར་པན་དུ་བཅའ་སྡོད་བྱས་པའི་ཨ་རིའི་ཅ་ཧྲི་ན་དམག་དཔུང་རྟེན་གཞི་འབར་གས་བྱུང་ནས་མི་ལ་ལར་རྨས་སྐྱོན་ཕོག

འཇར་པན་རང་སྲུང་རུ་ཁག་གི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། ལྐུག་མདེལ་གནས་སྐབས་འཇོག་སའི་སྒྲིག་བཀོད་འབར་གས་བྱུང་བ་རེད་ཟེར།

འཇར་པན་འགོག་སྲུང་ལྟ་སྐུལ་པུ་ཡིས“ཆ་འཕྲིན་གཏན་འཁེལ་བྱེད་བཞིན་ཡོད”ཅེས་བཤད།


མཉམ་སྤྱོད།