དེ་རིང་ནི2025ལོའི་ཟླ06པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅ་ཧྲ་ས་ཁུལ་དུ2023ལོའི་ཟླ10པའི་ཚུན་དུ་ཚེ་སྲོག་ཤོར་བའི་མི་གྲངས་ཁྲི5ལས་བརྒལ་བ།

2025-06-09 10:57:55   |   154

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས9ཉིན་གློག་འཕྲིན་འབྱོར་གསལ། ཚེས8ཉིན་ཕ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཅ་ཧྲའི་འཕྲོད་བསྟེན་སྡེ་ཚན་གྱི་སྡོམ་རྩིས་ལྟར་ན2023ལོའི་ཟླ10པ་ནས་དབྱི་སི་རལ་དང་ཕ་ལེ་སི་ཐན་དབར་གདོང་ཐུག་བྱུང་ཚུན་ཅ་ཧྲ་ས་ཁུལ་དུ་མིག་སྔའི་བར་མི54880ཤི་བ་དང་། དེའི་ནང་མང་ཆེ་བ་བུད་མེད་དང་བྱིས་པ་ཡིན།

གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ3པའི་ཚེས18ཉིན་དབྱི་སི་རལ་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་འཇབ་རྒོལ་བྱས་ཚུན་ཁྱོན་མི་སེར4603རྐྱེན་ལམ་དུ་ཤོར་བ་དང་མི14186ལ་རྨས་སྐྱོན་ཕོག

ཅ་ཧྲ་ས་ཁུལ་གྱི་རོགས་སྐྱོར་དངོས་ཟོག་བགོ་འགྲེམ་ཁུལ་དུ་དབྱི་སི་རལ་གྱི་དམག་དཔུང་གིས་འཇབ་རྒོལ་བྱས་པའི་རྐྱེན་གྱིས་རྐྱེན་ལམ་དུ་ཤོར་བ་དང་སྨན་ཁང་དུ་བསྐྱལ་བའི་མི་གྲངས་སྡོམ་འབོར115ཟིན་པ་དང་གཞན་ཡང་མི1110ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད། འོན་ཀྱང་གོང་གསལ་གྱི་གྲངས་གཞིའི་སྡོམ་རྩིས་ཆ་ཚང་བྱས་མེད། རྒྱུ་མཚན་ནི་གནོད་འཚེ་ཕོག་མཁན་མང་པོ་ད་དུང་ཞིག་རོའི་འོག་ཏུ་ལུས་པ་དང་། མྱུར་སྐྱོབ་རླངས་འཁོར་དང་རོགས་སྐྱོབ་མི་སྣ་ཡང་འབྱོར་ཐབས་བྲལ།

གཞན་ཡང་ཕ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས8ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་རོགས་སྐྱོར་དངོས་ཟོག་བགོ་འགྲེམ་ས་ཚིགས་གཉིས་ཀྱི་ཉེ་འགྲམ་དུ་ཕ་ལེ་སི་ཐན་བ5བསད་པ་རེད།

《དབྱི་སི་རལ་སྐབས་དོན་ཚགས་པར》དང་དབྱིན་ཇིའི་རླུང་འཕྲིན་སྤྱི་གཉེར་སོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་དེའི་ཐད་ཁས་ལེན་མ་བྱས་པ་དང་། དམག་མིས་དཔུང་སྡེའི་ཉེ་འགྲམ་དུ་བཅར་མཁན་གྱི་དོགས་ཡོད་མི་སྣར་མེ་མདའ་བརྒྱབ་ནས་ཉེན་བརྡ་བཏང་བ་ཡིན་ཞེས་བཤད།


མཉམ་སྤྱོད།