དེ་རིང་ནི2025ལོའི་ཟླ06པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐེ་རོན་ཕུས་ཨུ་རུ་སུ་དང་ཡུག་རེན་གྱིས་དམག་མཚམས་འཇོག་རྒྱུའི་ཐད་འདི་ལྟར་བཤད་འདུག

2025-06-06 09:15:57   |   186

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


          ཞིན་ཧྭ་གསར་འགྱུར་ཁང་ལུའོ་ཧྲན་ཅི་ནས་འབྱོར་བའི་གློག་འཕྲིན། ཚེས5ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཕོ་བྲང་དཀར་པོར་འཚམས་འདྲིར་ཕེབས་པའི་འཇར་མན་གྱི་ཙུང་ལི་མོ་ཚི་དང་མཇལ་འཛོམས་གནང་སྐབས། དུས་ཡུན་ཐུང་ངུ་ནང་ཨུ་རུ་སུ་དང་ཡུག་རེན་གྱིས་འཕྲལ་མར་དམག་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུར་དཀའ་ངལ་ཆེ་ཙམ་ཡོད་ཅེས་བཤད་པ་རེད།

01.jpg

ཐེ་རོན་ཕུ་ཡིས་མཇལ་འཛོམས་གནང་སྐབས། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་མིག་སྔར་འཁོན་སེམས་དང་དགྲར་འཛིན་གྱི་བསམ་པ་ཟབ་མོ་ཡོད་པའི་ཁར། ཨུ་རུ་སུ་ཕྱོགས་ཀྱིས་ཡུག་རེན་གྱིས་ཨུ་རུ་སུའི་འཐབ་ཇུས་མཁའ་དམག་རྟེན་གཞིར་འཇབ་རྒོལ་བྱེད་པར་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཞེས་གསལ་པོར་བསྟན་པར་བརྟེན། དུས་ཡུན་ཐུང་ངང་ནང་ཕྱོགས་གཉིས་པོས་འཕྲལ་མར་དམག་མཚམས་འཇོག་རྒྱུར་དཀའ་ངལ་ཆེ་ཙམ་ཡོད་ཅེས་བཤད་པ་རེད། ཐེ་རོན་ཕུས་ད་དུང་རང་ཉིད་འཁྱགས་འདྲེད་སྤོ་ལོའི་འགྲན་བསྡུར་ཁྲོད་ཀྱི་ཤན་འབྱེད་ལ་དཔེ་བཞག་ནས་ཕྱོགས་གཉིས་པོས་རེ་ཞིག་འཛིང་རེ་བརྒྱབ་རྗེས་ད་གཟོད་དེར་ཐེ་གཏོགས་བྱེད་དགོས་པ་ཡིན་ཟེར།

02.jpeg

མོ་ཚེས་མཇལ་འཛོམས་གནང་སྐབས་ཐེ་རོན་ཕུ་ནི་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཚམས་འཇོག་བྱེད་པའི“འགག་རྩའི་མི་སྣ་”ཞིག་ཡིན་ཞེས་བརྗོད་པ་དང་ཆབས་ཅིག་ཐེ་རོན་ཕུས་ཨུ་རུ་སུར་གནོན་ཤུགས་དེ་བས་མང་བ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད།

ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུས་ཐུག་འཕྲད་བྱེད་སྐབས་སྨྱན་སྦྱོར་གྱིས་ཨུ་རུ་སུར་བཀག་སྡོམ་གསར་པ་བྱེད་མིན་དང་། ཡང་ན་ཨ་རིའི་རྒྱལ་ཚོགས་ཀྱིས་ཨུ་རུ་སུར་བཀག་སྡོམ་བྱེད་པའི་ཁྲིམས་གཞི་གསར་པར་གྲོས་འཆམ་བྱ་རྒྱུར་རྒྱབ་སྐྱོར་བྱེད་མིན་སྐོར་ལ་ཐེངས་གསུམ་ལ་དྲི་བ་དྲིས་པ་རེད། ཐེ་རོན་ཕུ་ཡིས་རྣམ་འགྱུར་གསལ་པོ་བསྟན་མེད་པར་མོ་ཚི་དང་འབྲེལ་ཡོད་གྲོས་བསྡུར་བྱ་རྒྱུ་ཁོ་ན་བསྟན་པ་དང་འབྲེལ་ཉེ་དུས་བྱ་སྤྱོད་གང་ཡང་སྤེལ་མི་སྲིད་པའི་ལྐོག་བརྡ་བཏང་བ་རེད། 

03.jpeg

ཐེ་རོན་ཕུས་དུས་མཚུངས་སུ་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོར་བཀག་སྡོམ་བྱེད་སྲིད་པའི་ལྐོག་བརྡ་བཏང་བ་དང་། རྒྱུ་མཚན་ནི“ལག་པ་གཅིག་གིས་ཟློག་པ་མི་ཡོང”་ཡིན་ལ། “ངས་དོན་དག་མཚམས་འཇོག་བྱེད་ཐབས་བྲལ་བ་མཐོང་སྐབས་ང་ཚོས་བཙན་ཐབས་ལ་བརྟེན་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་ལ་དེ་ལྟར་བྱེད་སྲིད”ཅེས་བཤད།

ཚེས5ཉིན། ཨ་རིའི་ཨ་ཁེ་ཤིས་ཨའོ་སི་གསར་འགྱུར་དྲ་ཚིགས་ཀྱིས་ཐུག་འཕྲད་བྱས་རྗེས་སྤེལ་བའི་དཔྱད་གཏམ་ནང་། ཐེ་རོན་ཕུའི་གཏམ་བརྗོད་ཀྱིས་ཡང་བསྐྱར་གསལ་བརྗོད་བྱས་ཡོད་པ་ནི། “ཁོང་གིས་ཨུ་རུ་སུ་དང་ཡུག་རེན་གྱིས་ཞི་བདེ་མངོན་འགྱུར་བྱ་རྒྱུའི་གྲ་སྒྲིག་ཡག་པོ་བྱས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ཕྱོགས་གཉིས་པོར་ཞི་བདེ་མངོན་འགྱུར་བྱེད་པའི་ཐོག་མའི་ལངས་ཕྱོགས་ཐོག་ནས་ཕྱིར་བཤོལ་བྱ་རྒྱུའི་བསམ་གཞིག་བྱེད་བཞིན་ཡོད”ཅེས་བཤད།


མཉམ་སྤྱོད།