དེ་རིང་ནི2025ལོའི་ཟླ06པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོམ་ཕུ་ཡིས་ངར་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་ལྡབ་གཅིག་གིས་མང་དུ་གཏོང་རྒྱུ་ཡིན་པ་དང་། ཡོ་རོབ་མནའ་འབྲེལ་ཁ་ན་ཏ་ཧ་ཅང་བློ་ཕམ་ནས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་རེད།

2025-06-03 09:54:38   |   171

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་གི་དུས་ཚོད་ཟླ6ཚེས1ཉིན་གྱི་གློག་འཕྲིན་ལྟར་ན། ཟླ5ཚེས30ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུ(ཐེ་རོན་ཕུས)ཡིས་ཟླ6ཚེས4ཉིན་ནས་བཟུང་ཨ་རིས་ནང་འདྲེན་བྱེད་པའི་ངར་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་མིག་སྔའི25%ནས50%བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཁོ་ཚོ་དེའི་ཐད་ཧ་ཅང་བློ་ཕམ་ནས། ཡོ་རོབ་མནའ་འབྲེལ་གྱིས་འགོག་རྒོལ་བྱེད་ཐབས་ལག་བསྟར་བྱེད་རྩིས་ཡོད་ཅེས་བཤད་པ་དང་། ཁ་ན་ཏའི་ལས་རིགས་ཀྱིས་ཀྱང་ངོ་རྒོལ་དྲག་པོ་བྱེད་རྒྱུ་ཡིན་པ་དང་། ངར་ལྕགས་དང་ཧ་ཡང་གི་རྒྱལ་མཚམས་བརྒལ་བའི་མཁོ་སྤྲོད་སྦྲེལ་ཐག་ལ་གཏོར་བརླག་བཏང་ན་ཁ་ན་ཏ་དང་ཨ་རི་ཕྱོགས་གཉིས་ལ་གྱོང་གུན་ཆེན་པོ་ཕོག་རྒྱུ་རེད་ཅེས་ནན་བཤད་བྱས།

001.jpg


མཉམ་སྤྱོད།