དེ་རིང་ནི2025ལོའི་ཟླ06པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཙེ་ལན་སི་ཅིས་རིམ་པ་མཐོ་ཤོས་ཀྱི་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་པ་དང་འབྲེལ་ཕུའུ་ཅིང་དང་ཐུག་འཕྲད་བྱེད་འདོད་ཡོད་ཅེས་བཤད་པ།

2025-06-20 09:03:27   |   98

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་མགྲོན་སྣེ།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


01.png

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས19ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཁོང་གི་འཆར་ལྡན་བརྙན་ལམ་གཏམ་བཤད་ནང་ཡུག་རེན་གྱིས་རིམ་པ་མཐོ་ཤོས་ཀྱི་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་མ་ཟད། ཕུའུ་ཅིང་དང་ཐུག་འཕྲད་བྱེད་འདོད་ཡོད་ཅེས་བཤད་པ་རེད། ཁོང་གིས་བསྟན་དོན“ཡུག་རེན་གྱིས་རིམ་པ་མཐོ་ཤོས་ཀྱི་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད། རྒྱུན་མཚན་ནི་རིམ་པ་དེ་ཇུས་ཐག་གཅོད་པར་འབྲེལ་བ་ཡོད་པ་རེད། ངས་ཇུས་ཐག་གཅོད་དབང་དང་འགན་དབང་ཡོད་པའི་མི་སུ་འདྲ་ཞིག་དང་ཐུག་འཕྲད་བྱེད་འདོད་ཡོད་ལ། དེར་ཕུའུ་ཅིང་ཡང་འདུ་བ་ཡིན”།

གཞན་ཡང་། ཁོང་གིས་ད་དུང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་འགན་ཡུན་ནང་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཇུག་འགྲིལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོང་གི(ཐེ་རོན་ཕུའི)རོགས་རམ་ལ་ངས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ལ་ཨ་རིའི་ཤུགས་རྐྱེན་ཐེབས་ཤུགས་ལའང་བརྟེན་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད།



མཉམ་སྤྱོད།