དེ་རིང་ནི2025ལོའི་ཟླ07པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱིས་ཉིང་རྡུལ་ནུས་པའི་ལས་ཁུངས་དང་མཉམ་ལས་བྱེད་མཚམས་བཞག་པ།

2025-07-04 09:46:53   |   59

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་དུས་ཚོད་ཚེས2ཉིན། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་མཉམ་ལས་བྱེད་མཚམས་འཇོག་རྒྱུའི་ཆོག་མཆན་སྤྲད་པ་རེད།

75739be429fdc99b0f1ff6cb37dce29.jpg

དབྱི་རན་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་མཉམ་ལས་བྱེད་མཚམས་འཇོག་རྒྱུའི་བཅའ་ཁྲིམས་དངོས་སུ་ཁྱབ་བསྒྲགས་བྱས་པ།

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས26ཉིན། དབྱི་རན་གྲོས་ཚོགས་ཀྱི་གྲོས་དཔོན་ཁ་ལི་པ་ཧྥུའུ་ཡིས་གང་དེའི་སྤྱི་འབྲེལ་སྨྱན་སྦྱོར་བརྒྱུད་ནས། རྩ་ཁྲིམས་ལྟ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དབྱི་རན་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་མཉམ་ལས་བྱེད་མཚམས་འཇོག་རྒྱུའི་བཅའ་ཁྲིམས་ཉིན་དེར་དངོས་སུ་ཁྱབ་བསྒྲགས་བྱས་ཡོད་ཅེས་བརྗོད་ཡོད།

f642991b4a06a4c01b0fd32efc2b727.jpg

དེ་དང་ཆབས་ཅིག་ཁོང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དམག་འཁྲུག་དང་བཙན་འཛུལ་གྱི་བྱ་སྤྱོད་ལ་སྟབས་བདེ་བསྐྲུན་ནས་དབྱི་སི་རལ་སྲིད་དབང་གི་ངོ་ཚབ་ཏུ་གྱུར་པར་སྐྱོན་བརྗོད་བྱས་པ་དང་། དབྱི་རན་གྱིས་རང་རྒྱལ་ཁབ་ཀྱི་ཉིང་རྡུལ་སྒྲིག་བཀོད་ཀྱི་བདེ་འཇགས་ལ་ཁག་ཐེག་མ་བྱས་གོང་། ལས་ཁུངས་དེ་དང་མཉམ་ལས་བྱ་རྒྱུ་ཚང་མ་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད་ཡོད། 


མཉམ་སྤྱོད།