དེ་རིང་ནི2025ལོའི་ཟླ07པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧིན་རྡུ་ཉི་ཞི་ཡའི་འགྲུལ་སྐྱེལ་གྲུ་གཟིངས་ཤིག་པ་ལི་མཚོ་འགག་ཏུ་ཆུར་ནུབ་པ།

2025-07-03 10:56:28   |   54

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་དུས་ཚོད་ཟླ7ཚེས2ཉིན་གྱི་དགོང་མོ་ནས་ཚེས3ཉིན་གྱི་ཐོ་རེངས་བར། ཧིན་རྡུ་ཉི་ཞི་ཡའི་འགྲུལ་སྐྱེལ་གྲུ་གཟིངས་ཤིག་པ་ལི་མཚོ་འགག་ཏུ་ཆུར་ནུབ་པ་རེད། ཐོག་མའི་གནས་ཚུལ་ལས་མངོན་པ་ལྟར་ན། གྲུ་གཟིངས་དེའི་ནང་འགྲུལ་པ53དང་གྲུ་པ12དང་། རླངས་འཁོར22བཅས་ཡོད་པ་རེད།

འགྲུལ་སྐྱེལ་གྲུ་གཟིངས་དེ་པ་ཉིའུ་དབང་དབྱི་ཡི་ཅི་ཏ་པང་གྲུ་ཁ(Ketapang Port)ནས་པ་ལི་གླིང་ཕྲན་གྱི་ཅི་ལི་མ་ནུའུ་ཁེ་གྲུ་ཁ(Gilimanuk Port)ཕྱོགས་སུ་སྐྱོད་སྐབས་མགོ་རྟིང་ལོག དོན་རྐྱེན་དེ་གཟིངས་འཁོར་ཚང་ཕྱིར་ཤོར་བའི་རྐྱེན་གྱིས་བྱུང་བ་དང་འདྲ།

མིག་སྔར། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཉེན་རྟོག་པ་དང་ཧིན་རྡུ་ཉི་ཞི་ཡའི་རྒྱལ་དམངས་དམག་དཔུང་ལས་གྲུབ་པའི་མཉམ་འབྲེལ་ཚན་ཆུང་ཡུལ་དངོས་བཀོད་སྒྲིག་དང་རོགས་སྐྱོབ་བྱེད་པར་མངགས་ཡོད་པ་རེད། (ཀྲུང་གོ་གསར་འགྱུར་དྲ་བ་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ལི་ལིན།)


མཉམ་སྤྱོད།